མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ལ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་གཞི209ཡོད་པ་དང་ལས་གཞིའི་རྒྱུད་འཛིན་པ་མི195ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-24 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་བྱེད་མི་སྣ་བརྒྱ་ལྷག་མཚོ་སྔོན་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱིས་གཙོ་སྒྲུབ་དང་ལག་བསྟར་བྱས་པའི་ཁུལ་གསུམ་རིག་གནས་འཇོན་མི་གསོ་སྐྱོང་འཆར་འགོད་ཆེད་དམིགས་གསོ་སྦྱོང་ལ་ཞུགས་པ་དང་། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བ་དེ་མཚོ་སྔོན་ཞིང་ཆེན་ནས་ལོ6རིང་ལག་བསྟར་བྱས་པའི་ཚུན། གཞི་རིམ་དུ་ཆེད་ལས་འཇོན་མི་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་པ་དང་། མཚོ་སྔོན་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བར་གྲུབ་འབྲས་དགའ་འོས་པ་བླངས་ཡོད།

དངོས་མིན་ཤུལ་བཞག་རིག་གནས་ལས་གཞི་ལ་རང་སྟེང་གི་ཁྱད་ཆོས་ལ་ཡོད་པ་དང་། འཚོལ་སྡུད་དང་དག་སྒྲིག གཏན་འཁེལ་བྱེད་དགོས་པའི་དངོས་མིན་ཤུལ་བཞག་རིག་གནས་ལས་གཞིའི་རྒྱུ་ཆ་དག་དམངས་ཁྲོད་ལ་ཁྱབ་ཡོད་པ་མ་ཟད་དམངས་ཁྲོད་དུ་རྒྱུད་འཛིན་བྱས་ཡོད། རིག་གནས་ཤུལ་བཞག་འདི་དག་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་ཆེད། 2008ལོ་ནས་བཟུང་མཚོ་སྔོན་གྱིས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བ་འགོ་བརྩམས་ཤིང་། ལོ་དྲུག་རིང་ཞིང་ཆེན་ཡོངས་སུ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་གཞི209ལ་སླེབས་ཤིང་། དེའི་ནང་རྒྱལ་ཁབ་རིམ་པའི་ལས་གཞི64དང་ཞིང་ཆེན་རིམ་པའི་ལས་གཞི145ཡོད། དངོས་མིན་ཤུལ་བཞག་རིག་གནས་ལས་གཞིའི་རྒྱུད་འཛིན་པ་མི195དང་། དེའི་ནང་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་མི57དང་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་མི138ཡོད།

མཚོ་སྔོན་ཞིང་ཆེན་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཚེ་རིང་འཚོས་མཚམས་སྦྱོར་བྱེད་རྒྱུར། དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བར་ཞུགས་པའི་གཞི་རིམ་གྱི་མི་སྣས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། བྱ་བ་དང་འཚོ་བའི་ཁྲོད་ཀྱི་དམངས་ཁྲོད་རྩོམ་རིག་དང་གླུ་གར། སྲོལ་རྒྱུན་དམངས་སྲོལ་སོགས་ཀྱི་ལས་གཞི་དག་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཁྱབ་ཁོངས་སུ་གཏོགས་མིན་ངོས་འཛིན་བྱས་ཏེ་དག་སྒྲིག་དང་འཚོལ་སྡུད་སྲུང་སྐྱོང་བྱེད་ཆེད། ཐེངས་འདིར་ཆེད་དམིགས་སུ་ཞིང་ཆེན་ཡོངས་ཀྱི་གཞི་རིམ་མི་སྣ་ལ་མཚོ་སྔོན་རིག་གནས་འཛུགས་སྐྲུན་དང་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་།  སྙན་ཞུ་སྐོར་གྱི་གསོ་སྦྱོང་བྱས་པ་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག