མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་གྲོས་ཚོགས་བསྡུས་ནས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ནས་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-23 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཚེས་ཉི་ཤུ་ཉིན་གྲོས་ཚོགས་བསྡུས་ནས། ལས་ཁུངས་ཏང་འཛུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ནས་དག་ཐེར་བཅོས་སྐྱོང་དང་དངོས་འབེབས་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། ཀྲུའུ་རིན་གཞོན་པ་ཧྲིན་ཧི་དང་། ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་རིན་གཞོན་པ་ཚོ་ཧོང་། ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེན་མོ་ཚེ་ཏི་ཀོས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ནས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་འཛུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་དང་སློབ་གསོ་ལག་ལེན་བྱ་འགུལ་དག་ཐེར་བཅོས་སྐྱོང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཉན་པ་དང་ཞིབ་འཇུག་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་དངོས་འབེབས་བྱས་པའི་སྐོར་གྱི་ལག་བསྟར་བྱེད་ཐབས་ལ་གྲོས་བསྡུར་དང་གྲོས་འཆམ་བྱུང་།

མུའུ་ཏུང་ཧྲིན་དང་ཧྲིན་ཧི་གཉིས་ཀྱིས་ལས་ཁུངས་ཏང་འཛུགས་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། སློབ་གསོ་ལག་ལེན་བྱ་འགུལ་དག་ཐེར་བཅོས་སྐྱོང་དངོས་འབེབས་བྱ་བར་ཁས་བླངས་ཤིང་། ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་བསྡོམས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་དགོས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྲུབ་འབྲས་ཇེ་བརྟན་དང་གསར་གཏོད་བྱས་ནས། སྔར་ལས་ལས་ཁུངས་ཏང་འཛུགས་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས་པའི་ཐད་ལ་རེ་བ་བཏོན།

མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཧྲུའུ་ཅི་ལོ་ཧོས་ཉིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བརྩིས་ནས། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་བཞག་ནས། བསམ་བློའི་ཏང་འཛུགས་བྱ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལམ་ལུགས་ཏང་བཅོས་བྱ་བར་དོ་སྣང་བྱེད་པ། ཏང་ཡོངས་ཀྱི་ཏང་འཛུགས་བྱ་བའི་འགན་ཁུར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་ལག་བསྟར་བཟང་བོ་བྱས་ནས། རིམ་པ་རེ་རེས་རིམ་པ་རེ་རེར་དམ་འཛིན་དང་དངོས་འབེབས་བྱེད་པའི་ཏང་འཛུགས་བྱ་བའི་རྣམ་པ་གསར་བ་ཞིག་ཆགས་དགོས། ལས་ཁུངས་ནས“གཞི་གསུམ”འཛུགས་སྐྲུན་དང་། ཕན་ནུས་འཛུགས་སྐྲུན་བྱ་བར་ཡར་སྐུལ་བྱས་ཏེ། ཁྱོན་ཡོངས་ནས་ལས་ཁུངས་ཀྱི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག