མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་རིག་གནས་ལས་ཁུངས་ཀྱིས་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས།

ཏུང་ཞོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-23 10:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོར་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

ཅི་ཏིས་མཱ་ཅ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཐད་ལ་བསམ་འཆར་བཞི་བཏོན་པ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གལ་ལེགས་བྱས་ནས། བསམ་བློའི་ངོས་འཛིན་སྔར་ལས་གཅིག་གྱུར་བྱེད་དགོས་པ་དང་། གཉིས་ནི་མི་དམངས་དང་འཚོ་བར་རྐང་ཚུགས་ཏེ། དུས་དང་རྣམ་པ་ཀུན་དུ་མི་དམངས་གཙོ་ཡིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གསུམ་ནི་གསར་རྩོམ་བྱ་བ་གཙོ་བོ་ཁོང་དུ་ཆུད་པར་བྱས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིག་རྩལ་བརྩམ་ཆས་སྤུས་ལེགས་རྒྱུན་ཆད་མེད་པར་གསར་རྩོམ་བྱེད་དགོས། བཞི་ནི་ཁྲིད་སྟོན་བྱ་བ་གཙིགས་འཛིན་དང་ཁོར་ཡུག་བཟང་བོ་བསྐྲུན་ཏེ། མཚོ་སྔོན་ཞིང་ཆེན་གྱི་རིག་རྩལ་བརྩམ་ཆས་གསར་རྩོམ་བྱ་བར་འཕེལ་རྒྱས་གསར་བ་འབྱུང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་ཚོགས་སྟེང་ཞིང་ཆེན་རིག་གནས་ཐིན་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་བརྗེ་རེས་གཏམ་བཤད་སྤེལ།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག