མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ནུབ་ཁུལ་ཏང་ཨུ་ཡིས་ལྟེ་གནས་ཚན་ཆུང་གི་རིགས་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པར་སློབ་སྦྱོང་བྱས།

བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-23 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་ཡིས་ལྟེ་གནས་ཚན་ཆུང་གི་རིགས་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྐྱེ་ཁམས་སྲུང་སྐྱོབ་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གཏམ་བཤད་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་ནུབ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཞིན་གོ་པེན་བགྲོ་གླེང་ཚོགས་འདུར་ཞུགས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟ་རྟོག་མཛུབ་སྟོན་ཚན་ཆུང་གསུམ་པའི་མགོ་ཁྲིད་པ་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

བགྲོ་གླེང་ཚོགས་འདུའི་སྟེང་ཚོགས་འདུར་ཞུགས་པའི་མི་སྣ་ཁ་ཤས་ཀྱིས་བྱ་བའི་དོན་དངོས་དང་འབྲེལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་དགོངས་དོན་ཅི་ལྟར་ལག་བསྟར་བྱེད་པར་དམིགས་ཏེ། བྱ་བ་གཙོ་བོ་སྔར་ལས་བཟང་བོར་བསྒྲུབ་པ་དང་འབུར་ཐོན་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། འཕེལ་རྒྱས་ཀྱི་འཆར་འགོད་སྔར་ལས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད།

ཞིན་གོ་པེན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་དགོངས་དོན། ཧྲུའུ་ཅི་ལོ་ཧོས་ཉིན་གྱི་གཏམ་བཤད་བཅས་ཀྱི་དོན་སྙིང་གལ་ཆེན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཕྱོགས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསལ་བོར་ཤེས་པར་བྱེད་པ་དང་། གསུང་བཤད་ཀྱི་ནང་དོན་དང་དགོངས་དོན་ངོ་བོ་ལ་གོ་བ་ཟབ་མོ་ལེན་དགོས་ལ། གསུང་བཤད་དང་དགོངས་དོན་ལྟར་འཆར་གཞི་འགོད་པ་དང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པར་མ་ཟད་སློབ་སྦྱོང་དང་ལག་བསྟར་བྱ་བའི་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་ཏུ་འཇུག་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག