མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་མཐའ་འཁྱོངས་བྱེད་པའི་གྲོས་ཚོགས་བསྡུས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-23 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐའ་འཁྱོངས་བྱེད་པའི་གྲོས་ཚོགས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། དབང་མོ། ཚོ་ཧོང་སོགས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་སློབ་གསོ་ལག་ལེན་བཅོས་སྒྱུར་དངོས་འབེབས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས། མུའུ་ཏུང་ཧྲིན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུས་སྔ་རྗེས་སུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་བསྡུས་ལ། ཕྱོགས་ཡོངས་ནས་རྒྱལ་ཡོངས་དང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཉམས་མྱོང་དང་།གྲུབ་འབྲས་ཕྱོགས་སྡོམ། སྒྲིག་བཀོད་སྲ་བརྟན། སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་འཕེལ་རྒྱས་སུ་བཏང་ནས། ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཏང་གི་བྱ་བར་གཟབ་ནན་དང་སྐུལ་འདེད་བྱེད་པ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་ཀྲུང་དབྱང་གི་རེ་བ་དང་མཛུབ་སྟོན་གལ་ཆེན་དུ་བཟུང་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་སྒྲིག་བཀོད་དངོས་འབེབས་བཟང་པོ་བྱས་ནས། ནན་ཏན་སྒོས་ཏང་འཛུགས་སྐྲུན་དང་།ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ནས། ཏང་ལ་མཐོང་ཆེན་བྱེད་པ་དང་། སྔར་ལས་ཀྱང་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཏང་རྩ་འཛུགས་འཛུགས་སྐྲུན་སོ་སོའི་ཕྱོགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། སློབ་གསོ་ལག་ལེན་བྱ་འགུལ་ལ་མཐོང་ཆེན་དང་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཏང་གི་རང་བཞིན་དང་། ཏང་གི་སྤྱོད་ཚུལ། ཏང་གི་སྒྲིག་ལམ་ཇེ་དམ་དུ་བཏང་ནས་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱིས་མི་དམངས་ལ་ཞབས་འདེགས་བཟང་པོ་སྒྲུབ་པར་སྣང་བརྙན་གསར་བ་བསྐྲུན་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག