མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཚིགས་ཀྱི་ཞིབ་འཇུག་སྙན་ཞུ་ལ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཆོག་མཆན་ཐོབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-23 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཚེས22ཉིན་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལྟར་ན། ཅི་ལིན་ཞིང་ཆེན་སུང་ཡོན་དམངས་སྤྱོད་གནམ་གྲུ་འབབ་ཚིགས་དང་མཚོ་སྔོན་ཞིང་ཆེན་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ནང་སོག་ཀུའུ་ཀྲ་ལན་ཏུན་གནམ་གྲུ་འབབ་ཚིགས། ཡུན་ནན་ཞིང་ཆེན་ལན་ཚང་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ཀོས་ཀྲོའུ་ཞིང་ཆེན་རིན་ཧའེ་དམངས་སྤྱོད་གནམ་གྲུ་འབབ་ཚིགས་སོགས་གནམ་གྲུ་འབབ་ཚིགས་ལྔའི་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་སྙན་ཞུ་ལ་ཆོག་མཆན་ཐོབ། ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལ་གཞིགས་ན། གནམ་གྲུ་འབབ་ཚིགས་ལྔ་ཡི་སྤྱིའི་མ་དངུལ་སྒོར་དུང་ཕྱུར54.9ལ་སླེབས་ཡོད།

ཁྱབ་བསྒྲགས་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཚིགས་ཀྱི་སྐབས་འདིའི་བཟོ་འགོད་ལ2020ལོར་འགྲུལ་བ་སྐྱེལ་ཚད་མི་ཐེངས་ཁྲི8དང་། དངོས་ཟོག་དབོར་འདྲེན་བྱེད་ཚད་ཏུན200ཡི་དམིགས་འབེན་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག