མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྒོ་ཁྲལ་གྱིས་སྡོམ་རྩིས་བྱས་པར་ལྟར་ན་དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་གྱིས་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་སྒོར་དུང་ཕྱུར63.9མངོན་འགྱུར་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-21 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་སྒོ་ཁྲལ་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། 2014ལོའི་དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར63.9མངོན་འགྱུར་བྱས་ལ་དུས་མཉམ་ལས0.1%མར་ཆགས་ཡོད། དེའི་ནང་ནང་འདྲེན་ཡོང་སྒོ་སྒོར་དུང་ཕྱུར28.8དང20.3%འཕར་བ་དང་། ཕྱིར་གཏོང་གི་ཡོང་སྒོ་སྒོར་དུང་ཕྱུར35.1དང12.3%མར་ཆགས་ཡོད། དེའི་ནང་ཟླ9བར་མཚོ་སྔོན་གྱིས་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར16.3མངོན་འགྱུར་བྱས་ལ། དུས་མཉམ་ལས71.8%འཕར་ཞིང་། ལྡབ3.2འཕར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག