མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་སྒོར་མོ་ས་ཡ་བདུན་དང་འབུམ་གསུམ་ཁྲི་གཅིག་གི་གྲངས་ཉུང་དངུལ་བུན་བསྐྱིས་ནས་ལས་ཞུགས་ལ་མཐུན་རྐྱེན་བཟང་པོ་བསྐྲུན།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-21 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་གྲངས་ཉུང་འགན་ལེན་དངུལ་བུན་བསྐྱི་བ་དེ་ཚོང་ལས་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་ལ་སྣེ་ཁྲིད་བྱེད་པ། ལས་གཞི་ལག་བསྟར་བྱེད་པ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད་པ་དང་། ད་སྔ། རྫོང་ཡོངས་ཀྱིས་སྐོར་དང་པོའི་གྲངས་ཉུང་དངུལ་བུན་སྒོར་ས་ཡ་བདུན་དང་འབུམ་གསུམ་ཁྲི་གཅིག་བཏང་ནས་མཐོ་རིམ་མཐར་ཕྱིན་སློབ་མ་བཅུ་དང་། ལས་ཤོར་མི་སྣ་སོ་གསུམ། རོང་འབྲོག་པའི་མང་ཚོགས་ཉེར་དྲུག་བཅས་བསྡོམས་པས་མི་ཉིས་བརྒྱ་བཅུ་དྲུག་ལ་ཚོང་ལས་གསར་སྐྲུན་དང་ལས་ཞུགས་ཀྱི་མཐུན་རྐྱེན་ལེགས་པོ་བསྐྲུན།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག