མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅོན་གྱིས་ཧོང་ཀྲོང་རྫོང་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-21 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་ཧོང་ཀྲོང་རྫོང་རི་གསར་གྲོང་བརྡལ་ཁྲིན་ཅ་སྡེ་བ་དང་ཧི་ཕེན་སྡོད་ཁུལ་དུ་སོང་ནས། ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་བྱ་བའི་ཁྲོད་ཞུགས་པ་མ་ཟད། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་བཀོལ་སྤྱོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཅཱ་སྡེ་བའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་སུ། ཝང་ལིན་ཅོན་གྱིས་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམ་བསྐོ་བྱ་བའི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཧི་ཕེན་སྡོད་ཁུལ་ཞབས་ཞུའི་ཚོམས་ཆེན་དུ། ཝང་ལིན་ཅོན་ཞབས་ཞུའི་སྒེའུ་ཁུང་ཁར་སོང་ནས་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་བརྩེ་བའི་གླེང་མོལ་བྱས།

ཝང་ལིན་ཅོན་གྱིས་སྐབས་བརྗེ་འདེམ་བསྐོ་ནི་དེང་སྐབས་བྱ་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། མི་བཟང་བོར་འདེམ་པ་དང་མི་བཀོལ་སྤྱོད་བཟང་བོ་བྱེད་རྒྱུ་དེ་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། མགོ་ཁུངས་ནས་སྡེ་བའི་ལས་བྱེད་པ་འདེམ་བསྐོ་བྱེད་པའི་འགག་སྒོ་དམ་སྲུང་བྱེད་དགོས་པ་དང་། ཁྲིམས་བརྩི་ལུགས་སྲུང་བྱེད་རྒྱུ་དེ་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། ཁྲིམས་ལུགས་ལ་བརྟེན་ནས་སྐབས་བརྗེ་འདེམ་བསྐོ་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས། འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་རྒྱུ་དེ་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱེད་དགོས། དྲིལ་སྒྲོག་བྱ་བ་དེ་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། སྐབས་བརྗེ་འདེམ་བསྐོ་བྱ་བ་དེ་མི་ཡོངས་ཀྱི་ཤེས་པར་བྱེད་དགོས། འགན་འཁྲི་ལག་བསྟར་བྱེད་རྒྱུ་དེ་སྐབས་བརྗེ་འདེམ་བསྐོ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱས་ནས། བྱ་བའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ཞེས་ནན་གྱིས་བསྟན།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག