མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གུང་ཧི་རྫོང་གིས་གློག་བརྙན་ཕབ་སྐྲུན་ཡུལ་ལྗོངས་རྟེན་གཞི་གསར་འཛུགས་བྱེད་རྒྱུ་རེད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-21 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གི་གློག་བརྙན་ཕབ་སྐྲུན་ཡུལ་ལྗོངས་རྟེན་གཞི་འཛུགས་སྐྲུན་ལ་ཉེ་ལམ་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འཛུགས་སྐྲུན་བྱེད་པའི་ཆོག་མཆན་ཐོབ།

གུང་ཧི་རྫོང་ཁོངས་སུ་ཐང་བོད་གནའ་ལམ་གྱི་ས་ཚིགས་གལ་ཆེན་སྟེ་རིག་སྨོན་ཆུ་བོ་དང་མཚོ་སྔོན་པོ། ཐུའུ་ཡུས་ཧོང་གི་གནའ་མཁར་ཧྥུའུ་ཆི་མཁར་གྲོང་། སྐྱེ་ཁམས་ལྟ་སྐོར་བྱེད་ས་ཐ་ལ་ཐང་། ལོ་རྒྱུས་ཤུལ་བཞག་གི་འཐབ་ར་ཏ་ཧྥེ་ཁྲོན། རྨ་ཆུའི་འགག་ཕྲང་ཚ་རྔ་འགག་སོགས་གནས་སྐོར་རིག་གནས་ཐོན་ཁུངས་མང་པོ་ཡོད་ལ། དུས་མཚུངས་སུ་རྫོང་ཁོངས་སུ་ཕུན་སུམ་ཚོགས་པའི་ཨ་མདོའི་བོད་རིགས་ཀྱི་དམངས་སྲོལ་དང་རྒྱན་གོས། བཟའ་བཏུང་། ཆོས་ལུགས་དང་འཆམ། དམངས་ཁྲོད་གླུ་གར། གུས་ལུགས་སོགས་ཁྱད་ཆོས་ལྡན་པའི་རིག་གནས་དང་། རྟ་རྒྱུགས། མདའ་འཕེན། གཡག་རྒྱུག དམངས་གླུ། ཞབས་བྲོ་སོགས་བོད་རིགས་རིག་གནས་ཕུན་སུམ་ཚོགས་ཤིང་། སྲོལ་རྒྱུན་སྡོད་ཁང་དང་ཆོས་ལུགས། དགོན་སྡེ་སོགས་ཀྱི་འཛུགས་སྐྲུན་བཟོ་བཀོད་ཉར་ཚགས་བྱས་པ་ཅུང་ཆ་ཚང་ཡིན།

ཉེ་བའི་ལོ་འགའི་རིང་། གུང་ཧི་རྫོང་གིས་ཅུང་བཟང་བའི་ས་ཁོངས་ཁོར་ཡུག་གི་ལེགས་ཆ་དང་ཡུན་རིང་བའི་ལོ་རྒྱུས་རིག་གནས་ཉིང་བཅུད། ཅུང་ཆ་ཚང་བའི་རྨང་གཞི་ཆ་རྐྱེན་བཅས་ལ་བརྟེན་ནས། སྔ་རྗེས་སུ་གེ་སར་རྒྱལ་བོའི་སྒྲུང་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཀྲུང་གོ་འགྲིམ་པ། འཛད་སྤྱོད་བྱེད་ཚུལ་སོགས་ཀྱི་བརྙན་ཕབ་ཚན་ཆུང་ཚུར་བཀུགས་ནས་རྫོང་ཁོངས་སུ་ཆེད་དོན་བརྙན་ཕབ་བྱས་ལ། དུས་མཚུངས་སུ་ལོ་རེའི་དབྱར་སྟོན་དུས་ཚིགས་སུ། ཞིང་ཆེན་ནང་ཁུལ་དང་རྒྱལ་ནང་གི་གློག་བརྙན་ཕབ་སྐྲུན་ཚན་ཆུང་གིས་མཚོ་སྔོན་པོ་མཐའ་བསྐོར་དང་ཚྭ་རྔ་འགག་ས་ཁུལ་དུ་ཡུལ་ལྗོངས་བརྙན་ཕབ་བྱེད་ཐེངས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། གུང་ཧི་རྫོང་དེ་རིམ་བཞིན་བརྙན་ཕབ་ཚན་ཆུང་སོ་སོས་ཨ་མདོའི་བོད་ཁུལ་གྱི་ཡུལ་སྲོལ་དང་རྩྭ་ཐང་རུ་སྤོར་ཚོ་བའི་རིག་གནས་ཚུར་སྣང་བྱེད་པ། ཐང་བོད་གནའ་ལམ་གྱི་ལོ་རྒྱུས་མངོན་མཚོན་བྱེད་པའི་གསར་དར་གྱི་བརྙན་ཕབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག