མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“མཚོ་སྔོན་དངུལ་ལོར་འཆད་ཁྲིད”སྐབས་གསུམ་པ་ཟི་ལིང་ནས་ཚོགས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བདུན་ཉིན། “མཚོ་སྔོན་དངུལ་ལོར་འཆད་ཁྲིད”སྐབས་གསུམ་པ་དུས་ལྟར་སྤེལ་ཞིང་། ཀྲུང་གོ་འགན་སྲུང་ལྟ་ཞིབ་ཚོགས་པའི་ཀྲུའུ་ཞི་གཞོན་པ་ཁྲིན་ཝུན་ཧོས་ཀྱིས་ཆེད་དོན་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་མ་ཟད་གཏམ་བཤད།

ཁྲིན་ཝུན་ཧོས་ཀྱིས«འགན་སྲུང་ཉེན་ཚབ་ལས་རིགས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས»ཞེས་པ་ཁ་ཡིག་བྱས་ནས། ཚོང་ལས་འགན་སྲུང་ཉེན་ཚབ་དང་མིའི་རིགས་སྤྱི་ཚོགས་ཉེན་ཚབ་དོ་དམ་དགོས་མཁོ་དང་། འགན་སྲུང་ལས་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་དེ་མིན་གྲུབ་འབྲས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་འགན་སྲུང་ཉེན་ཚབ་ཞབས་ཞུ་སྒྲུབ་པའི་ནུས་པར་དམིགས་ནས། ཡུལ་དངོས་ཀྱི་ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་མི་ཉིས་བརྒྱ་ལྷག་དང་། གྲོང་ཁྱེར་དང་ཁུལ། སྡེ་ཁག རྫོང་དང་ས་ཁུལ་ཁ་ཤས་དང་། དངུལ་ལོར་ལས་ཁུངས་དང་དེ་མིན་ཁེ་ལས་འགན་ཁུར་བ་རྣམས་ལ་ཆེད་དོན་སྙན་ཞུ་ཕུལ།

ཝང་ཞོ་ཡིས་བསྟན་དོན། སྙན་ཞུས་ཚང་མར་མྱོང་ཚོར་ཟབ་མོ་ཐོབ་ཡོད། ཞིང་ཆེན་ཡོངས་ཀྱི་དངུལ་ལོར་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གིས་སྙན་ཞུའི་ནང་དོན་དང་རང་སྟེང་གི་དོན་དངོས་ལ་ཟུང་དུ་སྦྲེལ་ནས། མི་དམངས་ལ་ཞབས་ཞུ་སྒྲུབ་པ་དང་། ཉེན་ཚབ་དོ་དམ་བྱ་བ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་སྔར་ལས་མང་བོར་འགན་སྲུང་ཉེན་ཚབ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཕན་ཁེ་ཐོབ་ཏུ་འཇུག་དགོས་ཟེར།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག