མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས།

བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-20 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ལྟེ་གནས་ཚན་ཆུང་གིས་རིགས་གཞུང་སློབ་སྦྱོང་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དང་མཚོ་སྔོན་གྱི་ལག་བསྟར་བསམ་འཆར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

གྲོས་ཚོགས་ནས་བསྟན་དོན། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ནས་མི་རིགས་བྱ་བར་ཐུག་པའི་གནས་བབ་གསར་བར་དབྱེ་ཞིབ་བྱས་པ་དང་། ཏང་ཀྲུང་དབྱང་གིས་མི་རིགས་བྱ་བའི་སྐོར་གྱི་འཐབ་ཇུས་བསམ་བློ་གལ་ཆེན་རྒྱས་བཤད་བྱས་ནས། དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་མི་རིགས་བྱ་བའི་སྲིད་ཇུས་དང་བྱེད་ཕྱོགས་གལ་ཆེན་དང་མི་རིགས་ས་ཁུལ་འཕེལ་རྒྱས་སུ་གཏོང་བའི་བཀོད་སྒྲིག་གལ་ཆེན་དང་ལས་འགན་གལ་ཆེན། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན། གནས་བབ་གསར་བའི་འོག་མི་རིགས་བྱ་བ་བཟང་བོར་སྒྲུབ་པའི་ཁ་ཕྱོགས་གསལ་བོ་དང་། རྩ་བའི་སྲུང་བྱ་བཏོན། ངེས་པར་དུ་དེར་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། གོ་བ་ཟབ་མོ་བླངས་ནས། བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སྟེང་དུ་གཅིག་གྱུར་བྱས་ཏེ། ཧུར་ཐག་སྒོས་གྲོས་ཚོགས་ཀྱི་དགོངས་དོན་བྱ་བ་སྣ་ཚོགས་ཁྲོད་དུ་ལག་བསྟར་དང་དངོས་འབེབས་བྱེད་དགོས་ཟེར།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་འགན་ནུས་སྡེ་ཁག་གཙོ་བོ་ཡིན་པའི་ཆ་ནས། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་འགན་འཁྲི་གལ་ཆེན་དུ་བརྩིས་ནས། དཔེ་སྟོན་སྣེ་ཁྲིད་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས་པ་དང་། རང་འགུལ་གྱིས་སློབ་པ་དང་། སྔོན་ལ་བསླབ་ནས། རང་སྟེང་གི་བྱེད་སྒོའི་བྱ་བ་ནས་མགོ་བཟུང་སྟེ། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་ཐད་ལ་བརྗེ་རེས་དང་གྲོས་བསྡུར་ཞིབ་འཇུག་བྱས་ཏེ་བྱ་བའི་བྱེད་ཐབས་འདོན་དགོས་པ་དང་། ལས་ཁུངས་ནས་མྱུར་དུ་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་སློང་དགོས་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བར་མཛུབ་སྟོན་དང་ཡར་སྐུལ་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། སེམས་ཞིབ་མོས་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་གྲོས་ཚོགས་ལ་གྲ་སྒྲིག་བྱས་ནས། ཤུགས་ཆེན་པོས་སྔ་སྣུར་སྒོས་གྲོས་ཚོགས་ཀྱི་ཇུས་གཞི་གཏན་ལ་འབེབ་པ་དང་འབྲེལ་ཡོད་བྱ་བ་གཞན་དག་བཟང་བོར་སྒྲུབ་དགོས་པ་དང་། ཞིང་ཆེན་ཏང་ཨུས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཀྱི་རེ་བ་ལྟར། ནན་ཏན་སྒོས་རྟོག་ཞིབ་བྱ་འགུལ་རྩ་འཛུགས་བཟང་བོ་བྱེད་དགོས་ལ། མི་རིགས་བྱ་བའི་ཐད་ཀྱི་བྱེད་ཐབས་གསར་བ་དང་ཉམས་མྱོང་གསར་བ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱེད་པ། མཚོ་སྔོན་གྱི་མི་རིགས་བྱ་བར་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་བྱེད་ཐབས་གཏན་ཁེལ་བྱེད་དགོས་པ་དང་། མི་རིགས་བྱ་བར་ཡར་སྐུལ་བྱེད་པར་གྲུབ་འབྲས་གསར་བ་བླངས་ནས། “ཁུལ་གསུམ”འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག