མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོ་ནས2015ལོའི་བར་གྱི་ཞའོ་ཏའོ་སློབ་སྐུལ་བྱ་དགའ་སྟེར་འགོ་བརྩམས་ཤིང་མཚོ་སྔོན་གྱི་མཐོ་རིམ་དགེ་སློབ60ལ་ཕན་ཁེ་ཐོབ་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-20 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས19ཉིན། 2014ལོ་ནས2015ལོའི་བར་གྱི་ཞའོ་ཏའོ་སློབ་སྐུལ་བྱ་དགའི་སྒོར་མོ་སྟེར་བའི་མཛད་སྒོ་དེ་ཞའོ་ཏའོ་རྟེན་གཞི་ནས་བསྡུས་པ་དང་། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན8ཀྱི་སློབ་མ30དང་དགེ་རྒན30ལ་རེ་རེར་སྒོར1000གི་བྱ་དགའ་བྱིན།

མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭའི་ཁྱིམ་ཚང་ལ་དཀའ་ངལ་དང་སློབ་སྦྱོང་ལ་བརྩོན་པ་ཆེ་བའི་སློབ་མ་དང་། ལས་ལ་བརྩོན་ཞིང་མུ་མཐུད་དུ་འབད་བརྩོན་ཆེ་བའི་ན་གཞོན་དགེ་རྒན་ལ་སྐུལ་སློང་དང་རོགས་སྐྱོར་བྱེད་ཆེད། འཇར་པན་ཞའོ་ཏོ་ཁྲུང་ཡ་ཝང་ཡེ་ཀྲུའུ་ཧྲི་ཚོགས་པའི་ཚོགས་གཙོ་ཞའོ་ཏའོ་ཡིས་སྔ་རྗེས་སུ1990དང1992ལོར་མཚོ་སྔོན་གྱི་མཐོ་རིམ་སློབ་ཆེན་ནས་ཞའོ་ཏའོ་སློབ་སྐུལ་བྱ་དགའ་དང་ཞའོ་ཏའོ་བྱ་དགའ་བཙུགས། ལོ25རིང་། ལོ་རེར་ཐེངས་རེར་སློབ་སྐུལ་བྱ་དགའ་སྟེར་བའི་མཛད་སྒོ་བསྡུ་བཞིན་ཡོད་ལ། མིག་སྔའི་བར་དུ། མཚོ་སྔོན་གྱི་དགེ་སློབ1259ལ་བྱ་དགའ་ཐོབ་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག