མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་གསུམ་རིང་གི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་ཟི་ལིང་དུ་བསྡུས་པ་དང་ཝང་ཞའོ་ཡིས་གཏམ་བཤད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-19 10:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་གསུམ་རིང་གི་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྡུས་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཝང་ཞའོ་ཡིས་བསྟན་དོན། དུས་ཚིགས་གསུམ་རིང་གི་བྱ་བ་སྣ་ཚོགས་བདེ་བླག་ངང་འཕེལ་རྒྱས་བྱུང་ཡོད་པ་དང་། ཐད་ཀར་དུ་དངུལ་རྩའི་མཉམ་འདྲེས་བྱ་བར་ཐོལ་བརྒལ་བྱུང་ཞིང་། ཞབས་ཞུའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་ལ། སློབ་སྦྱོང་གསོ་སྦྱོང་ལ་བརྟན་བརླིང་སྐུལ་འདེད་བཏང་བས་གྲུབ་འབྲས་ལེགས་པོ་བླངས་ནས། ལོ་ཧྲིལ་བོའི་ལས་འགན་ལེགས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད།

ཝང་ཞའོ་ཡིས་དཔལ་འབྱོར་གནས་བབ་གསར་བའི་འོག་དུ་བྱུང་བའི་སྲིད་ཇུས་བྱེད་ཐབས་ཇེ་མང་དང་སྒོར་མོ་གསོག་ཚད་མགྱོགས་མྱུར་ངང་ཇེ་ཉུང་དུ་སོང་བ། དངུལ་རྩའི་ཉེན་ཁ་ཇེ་ཆེར་སོང་བ་སོགས་ཀྱི་འཕེལ་ཚུལ་རང་བཞིན་གྱི་འགྱུར་ལྡོག་གསར་བར་དམ་འཛིན་བྱས་ཏེ། དངུལ་རྩའི་གཞི་ཁྱོན་དང་སྒྲིག་གཞིའི་ཐད་དུ་ཐད་ཀར་གྱི་དངུལ་རྩ་མཉམ་འདྲེས་བྱེད་པ་རྒྱ་བསྐྱེད་དགོས་པ་མ་ཟད་གཞན་པའི་དངུལ་རྩ་མཉམ་འདྲེས་ཀྱང་རྒྱ་བསྐྱེད་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་དངོས་འབེབས་བྱེད་པའི་ཐད་ནས་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་པ་མ་ཟད་སྲིད་ཇུས་དངོས་འབེབས་ཀྱང་གཙིགས་སུ་འཛིན་དགོས། དངུལ་རྩའི་སྐྱེ་ཁམས་ལེགས་བཅོས་བྱེད་པར་དངུལ་རྩའི་ཞབས་ཞུ་ལ་ཤུགས་སྣོན་དང་དངུལ་རྩ་ལ་ཞབས་ཞུ་སྒྲུབ་ཤུགས་ཇེ་ཆེར་གཏོང་དགོས་པའི་བླང་བྱ་བཏོན།

རྒྱུས་ལོན་པ་ལྟར་ན། ཟླ9བའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་དངུལ་བུན་བཏང་བའི་མ་དངུལ་ལྷག་མ་སྒོར་དུང་ཕྱུར4125.6ལ་སླེབས་ཤིང་། དེའི་ནང་དངུལ་བུན་སྒོར་དུང་ཕྱུར606.36གསར་སྣོན་བྱུང་ཡོད་ལ30.58%འཕར་ཡོད། དེས་ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི86.62%ལེགས་འགྲུབ་བྱས་ཡོད། སྤྱི་ཚོགས་དངུལ་རྩའི་གཞི་ཁྱོན་སྒོར་དུང་ཕྱུར1010.3ལ་སླེབས་པ་དང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི77.7%ལེགས་འགྲུབ་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག