མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དུས་ཚིགས་སྔོན་མ་གསུམ་གྱི་རིང་མཚོ་སྔོན་གྱིས་དངུལ་བུན་སྒོར་དུང་ཕྱུར4125བཏང་ཞིང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-19 10:14

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས17ཉིན། གསར་འགོད་པས་དུས་ཚིགས་གསུམ་རིང་གི་མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། དུས་ཚིགས་སྔོན་མ་གསུམ་གྱི་རིང་། མཚོ་སྔོན་ཞིང་ཆེན་གྱི་དངུལ་རྩའི་འཁོར་སྐྱོད་སྤྱིའི་གནས་ཚུལ་བརྟན་བརླིང་དང་བདེ་ཐང་ཡིན་ལ། གཙོ་བོ་དངུལ་རྩའི་དམིགས་ཚད་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད། ཟླ9བའི་ཟླ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་སུ་མ་དངུལ་ཉར་ཚད་སྒོར་དུང་ཕྱུར4555.3ལ་སླེབས་ཤིང་དུས་མཉམ་ལས9.2%འཕར་ཡོད། དངུལ་རྩའི་ལས་ཁུངས་ཀྱིས་དངུལ་བུན་བཏང་ཚད་སྒོར་དུང་ཕྱུར4125.6ལ་སླེབས་པ་དང་དུས་མཉམ་ལས23.7%འཕར་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། དེའི་ནང་ཐོན་ལས་གསུམ་པའི་དངུལ་བུན་དང་ཁེ་ལས་ཆུང་བའི་དངུལ་བུན། ས་ཁང་སྡོད་ཁང་དངུལ་བུན་གྱི་འཕར་ཚད་ཅུང་མགྱོགས་པ་ཡིན།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག