མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིན་ཧེ་རྫོང་གིས་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང107བཙུགས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-19 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི1515དང་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་ལ་མུའུ་ཁྲི13.44ཡོད་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་ཉེ་བའི་ལོ་འགའི་རིང་ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས། མིག་སྔར་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང40དང་ཞིང་ལས་ཆེད་ལས་མཉམ་ལས་ཁང67གསར་འཛུགས་བྱས་ཡོད། སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དང་ཞིང་ལས་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སུ་སོང་བ་དང་བསྟུན། ད་ལོར་ཞིན་ཧེ་རྫོང་གིས་ཚོད་དཔག་ལྟར་ན་རོང་འབྲོག་པ་མི་རེའི་ཆ་སྙོམས་ལག་དངུལ་ཡོང་སྒོ་སྒོར7663ལ་སླེབས་ཤིང་དུས་མཉམ་ལས15%འཕར་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག