མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རིག་རྩལ་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་ལ་སློབ་སྦྱོང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་གྱི་རྩོམ་པ་པོ་དང་། སྒྱུ་རྩལ་པ་རྩ་འཛུགས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིག་རྩལ་དང་སྒྱུ་རྩལ་ལས་རིགས་ནས་ཡོང་བའི་རྩོམ་པ་པོ་དང་། སྒྱུ་རྩལ་པ། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། སྒྱུ་རྩལ་པའི་མཐུན་ཚོགས་སོ་སོའི་འགན་ཁུར་བ་དང་རིག་རྩལ་བྱ་བ་སྒྲུབ་མཁན་སུམ་ཅུ་ལྷག་བཞུགས་མོལ་ཚོགས་འདུར་ཞུགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས་མཚོ་སྔོན་གྱི་རིག་རྩལ་ལས་རིགས་ཁྲོད་གྲགས་འགུལ་ཆེན་པོ་བསླངས། བཞུགས་མོལ་ཚོགས་འདུའི་སྟེང་། རྩོམ་པ་པོ་དང་། རིག་རྩལ་པ་རྣམས་ཀྱིས་ལང་ལོང་སྒོས་གཏམ་བཤད། ཁོ་ཚོས་རང་སོ་སོའི་གསར་རྩོམ་གྱི་ཉམས་མྱོང་དང་སྒྱུ་རྩལ་གྱི་ཉམས་མྱོང་དང་ཟུང་དུ་སྦྲེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུངས་བཤད་གལ་ཆེན་ལ་བཅངས་པའི་ལྟ་ཚུལ་དང་རྒྱུས་ལོན་རྒྱས་བཤད་བྱས། ཚང་མས་བལྟས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་ལས། རིག་རྩལ་དང་མི་དམངས་ཀྱི་འབྲེལ་བའི་གནད་དོན་དང་། གསར་རྩོམ་དང་འཚོ་བའི་འབྲེལ་བའི་གནད་དོན། རྩོམ་པ་པོ་དང་སྒྱུ་རྩལ་པའི་འགན་འཁྲིའི་གནད་དོན་རྒྱས་བཤད་ཟབ་མོ་བྱས་ཡོད་པར་སྙམ།

ཚང་མས་བལྟས་ན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ་དེ་ཕྱིན་ཆད་ཀྱི་རིག་རྩལ་གསར་སྐྲུན་བྱ་བའི་ཁྲོད་དུ་ལག་བསྟར་བྱས་ནས། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་སོགས་ཆགས་པར་བྱེད་པ་དང་དེ་རྒྱུན་འཁྱོངས་བྱེད་དགོས་ལ། རིག་རྩལ་བརྩམས་ཆོས་ཁྲོད་དུ་ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཚོགས་ལ་ནུས་པ་ཆེན་པོ་འདོན་དགོས་པར་སྙམ།

ཚང་མས་བལྟས་ན། རིག་རྩལ་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་རྒྱུན་ཆད་མེད་པར་རང་ཉིད་ཀྱི་བསམ་བློ་དང་རིག་རྩལ་གྱི་བློ་སྦྱོང་ཇེ་མཐོར་བཏང་ནས། དུས་རབས་ཀྱི་འཚོ་བ་གསར་སྐྲུན་བྱེད་དགོས་པ་དང་། རང་ཉིད་ཀྱི་སྒྱུ་རྩལ་ཁྱད་ཆོས་ལྟར་སྒྱུ་རྩལ་གསར་སྐྲུན་བྱེད་དགོས་པར་སྙམ།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག