མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིག་ཀྲི་ཆང་མཚོ་ལྷོ་ཁུལ་དུ་སོང་ནས་བརྟན་འཇགས་དང་བདེ་འཇགས་བྱ་བར་རྟོག་ཞིབ་བྱས།

བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་མཚོ་ལྷོ་ཁུལ་སྤྱི་བདེ་ཅུའུ་དང་གུང་ཧོ་རྫོང་ཧོ་ཞི་མངག་གཏོང་ཁང་། ཁྲི་ཀ་རྫོང་སྤྱི་བདེ་ཅུའུ་སོགས་གཞི་རིམ་གྱི་སྤྱི་བདེ་ལས་ཁུངས་བཅུ་གཅིག་ལ་སོང་སྟེ་སྟོབས་ཤུགས་ཡོད་རྒུས་བརྟན་འཇགས་དང་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ་མ་ཟད། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་པ་དང་བསམ་འཆར་བརྗེ་རེས་བྱས་པ་དང། གཞི་རིམ་གྱི་སྤྱི་བདེ་ཉེན་རྟོག་པ་དང་མེ་གསོད་དཔོན་དམག་རྣམས་ལ་བརྩེ་བའི་འཚམས་འདྲི་བྱས།

རྟོག་ཞིབ་ཁྲོད་དུ་ལིག་ཀྲི་ཆང་དང་རྒྱ་ཆེའི་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་རྣམས་ཀྱིས་བརྩེ་བའི་ངང་ཁ་བརྡ་བྱས་ནས་བརྟན་འཇགས་བྱ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ནན་ཏན་སྒོས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཆ་འཕྲིན་ཅན་འཛུགས་སྐྲུན། འཕྲལ་སྒྲུབ་སྒྲིག་ཆས་འཛུགས་སྐྲུན། སྟོབས་ཤུགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བལྟས་རྗེས། ཁོས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི“གཞི་གསུམ”འཛུགས་སྐྲུན་དང་སྤྱི་བདེ་ལས་ཁུངས་ཀྱི“རྣམ་པ་བཞི་འཛུགས་སྐྲུན”བྱེད་པའི་དམིགས་འབེན་དང་ལས་འགན་ལག་བསྟར་བྱེད་དགོས་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་བསམ་ཕྱོགས་གསར་སྐྲུན་བྱེད་པ་དང་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ། སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ། ཤུགས་ཆེན་པོས་སྤྱི་བདེ་ལས་ཁུངས་ཀྱི་རྨང་གཞི་ཆ་འཕྲིན་ཅན་དུ་གཏོང་བར་ཡར་སྐུལ་བྱས་ཏེ་རྒྱུན་ཆད་མེད་པར་སྤྱི་བདེ་ལས་ཁུངས་ཀྱིས་བརྟན་འཇགས་སྲུང་སྐྱོབ་དང་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བ། དམངས་འཚོར་ཞབས་ཞུ་སྒྲུབ་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག