མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་རྒྱ་བོད་སྐད་གཉིས་ཀྱི་གཏུག་བཤེར་ཟབ་སྦྱོང་འཛིན་གྲྭ་ཐེངས་དང་པོ་བསྒྲུབས་པར་ཕན་འབྲས་མངོན་གསལ་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  2014-10-19 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་ཞིག་གཞུང་ཕྱོགས་ལ་ཞུ་སྦྱོར་བྱས་ཤིང་། འདི་ནི་ཆེས་སྤྱིར་བཏང་གི་ཉེས་དོན་གྱོད་དོན་ཞིག་ཡིན་མོད། འོན་ཀྱང་། སྐད་གཉིས་ཀྱི་ལམ་ནས་གྱོད་དོན་འདྲི་གཅོད་བྱས་ཤིང་། དེས་ས་གནས་མང་ཚོགས་ལ་གོ་སྐོན་བློ་འགུག་གི་ནུས་པ་ཐོན་ཏེ་རོང་འབྲོག་མང་ཚོགས་ཀྱི་འདོད་བློ་ཚིམས་པ་མ་ཟད། འདྲི་གཅོད་ལ་གྲུབ་འབྲས་བཟང་པོ་ཐོབ།

མཚོ་སྔོན་ཞིང་ཆེན་གཏན་འཇགས་སྲུང་སྐྱོབ་གྱོད་དོན་ཁྲོད། མི་དམངས་ཞིབ་དཔྱོད་ཁང་སོ་སོའི་གཞུང་ཕྱོགས་ཀྱི་ཞུ་སྦྱོར་མཁན་གྱིས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་གཞུང་ཕྱོགས་ཞུ་སྦྱོར་བྱས་པ་འདིས་གྲངས་ཉུང་མི་རིགས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྔར་ལས་ཤེས་རྟོགས་ཆེན་པོ་བྱེད་ཐུབ་ལ། ཞུ་སྦྱོར་ཕྱི་མ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། ཁྲིམས་རའི་འདྲི་གཅོད་ལ་གྲུབ་འབྲས་མངོན་གསལ་བླངས།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་སྐད་གཉིས་ཀྱི་ལམ་ནས་གཞུང་ཕྱོགས་ཀྱི་ཞུ་སྦྱོར་བྱ་འགུལ་སྤེལ་བ་ནས་བཟུང་། སྐད་གཉིས་ཞུ་སྦྱོར་ལས་གནས་སྦྱོང་བརྡར་བྱ་འགུལ་སྐབས་གསུམ་ལ་སྤེལ་བ་དང་། སྐད་གཉིས་གསབ་སྦྱོང་འཛིན་གྲྭ་སྐབས་བཞི་ལ་བསྒྲུབས་པས། ད་སྔ། སྐད་གཉིས་ཀྱི་ལམ་ནས་དོན་གོ་བ་དང་། བཤད་ཤེས་པ། འབྲི་ཤེས་པ་བཅས་ཀྱི་གཞུང་ཕྱོགས་ཀྱི་ཞུ་སྦྱོར་མཁན་སྐོར་ཞིག་གསོ་སྐྱོང་བྱས་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག