མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལེན་རྫོང་ཏང་ཨུའི་ལྟེ་གནས་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གཉིས་དང་མཛུབ་སྟོན་གཅིག་གི་དགོངས་དོན་ལ་ཆེད་དུ་སློབ་སྦྱོང་བྱས།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-19 10:12

ཀྲུང་གོ་བོད་ཀྱི་དྲ་བིའ་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཏང་ཨུའི་ལྟེ་གནས་ཚན་ཁག་གི་མི་སྣ་དང་། ཞང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་། ཏང་གི་མང་ཚོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཁང་ཐིན་གྱི«སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་གསུངས་བཤད་ཀྱི་དགོངས་དོན་དང་མཛུབ་སྟོན་གལ་ཆེན་སྔར་ལས་སློབ་སྦྱོང་དང་ལག་ལེན་མཐའ་འཁྱོལ་བྱེད་པའི་སྐོར་གྱི་བརྡ་སྦྱོར» ཞིང་ཆེན་དང་ཁུལ་ཏང་ཨུའུ་ཧྲུའུ་ཅིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྤྱི་སྡོམ་ཚོགས་ཆེན་སྟེང་གནང་བའི་གཏམ་བཤད་གལ་ཆེན་གྱི་ནང་དོན་བཅས་ལ་སློབ་སྦྱོང་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་དང་མཛུབ་སྟོན་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་ཏེ་རང་རྒྱལ་གྱི་ཏང་བཅོས་སྐྱོང་དང་དོ་དམ་གྱི་བྱ་བ་དང་། མི་རིགས་ཀྱི་བྱ་བ། སྐྱེ་ཁམས་འཛུགས་སྐྲུན་གྱི་བྱ་བ་བཅས་ལ་དབྱེ་ཞིབ་ཆ་ཚང་བྱས་ཡོད་པ་དང་། ང་ཚོས་བྱ་བ་འདི་དག་བཟང་བོར་སྒྲུབ་པར་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཆབ་སྲིད་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད། གསུངས་བཤད་གལ་ཆེན་གཉིས་དང་བསམ་བློའི་མཛུབ་སྟོན་གཅིག་གི་དགོངས་དོན་ལ་སློབ་སྦྱོང་བཟང་བོ་བྱས་ན། ང་ཚོའི་བསམ་བློ་གཅིག་གྱུར་བྱས་ནས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། ཚན་རིག་གི་འཕེལ་རྒྱས་བྱེད་ནུས་ཇེ་ཆེར་གཏོང་བ། རྫོང་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་སོ་སོ་དམ་འཛིན་བཟང་བོ་བྱེད་པ་བཅས་ལ་གཞུང་ལུགས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག