མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གི་ཞིང་སྡེ486དབུལ་ཕོངས་འཚོ་བ་ལས་ཐར་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཕྱོགས་གཞན་གྱི་དབུལ་སྐྱོར་རྣམ་གྲངས་ཐད་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར15བཏང་ཞིང་།  རྫོང36གི་དབུལ་ཕོངས་སྡེ་བ486དུ་དབུལ་སྐྱོར་རྣམ་གྲངས352ལག་བསྟར་བྱས།  ཡུལ་ཕྱོགས་གཞན་གྱི་དབུལ་སྐྱོར་གནས་སྤོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།  སྡེ་མི་ཚོའི་སྡོད་ཁང་གི་ཆ་རྐྱེན་ལེགས་བཅོས་ཐོབ་ཡོད་པ་དང་། ཡོང་སྒོ་ཀྱང་ཇེ་མཐོར་སོང་ཡོད་པས། ཐོན་སྐྱེད་སྟེང་ནས་བསྐྱི་དངུལ་ལ་བརྟེན་པ་དང་། འཚོ་བ་སྟེང་ནས་དབུལ་སྐྱོབ་ལ་བརྟེན་དགོས་པའི་གནད་དོན་ཐག་བཅད་པ་རེད།

ཉེ་བའི་ལོ་འགའི་རིང་།  རང་ཞིང་གིས་ཡུལ་ཕྱོགས་གཞན་གྱི་གནས་སྐོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད།  རྩ་བ་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། 2011ལོ་ནས2014ལོ་བར།  རང་ཞིང་གིས་དུད་ཁྱིམ45882དང་མང་ཚོགས200636ལ་གནས་སྤར་བ་དང་།  འཆད་འགོད་ལྟར་མི་གྲངས100954ལ་གནས་སྤོར་བཀོད་སྒྲིག་བྱས་པ་སོགས་དབུལ་ཕོངས་མང་ཚོགས་ཀྱི་སྡོད་ཁང་དང་ལས་ཞུགས། འགྲིམ་འགྲུལ། སློབ་གྲྭ་སྐྱོད་པ་སོགས་ཕྱོགས་མང་པའི་ཁེ་ཕན་ཐོབ་ཡོད་པ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག