མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རང་ཞིང་གིས་དབུལ་སྐྱོར་ཉིན་མོའི་ཞལ་འདེབས་བྱ་འགུལ་སྤེལ་བ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-17 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཡོངས་ཀྱི་ཐོག་དང་པོའི“དབུལ་སྐྱོར་ཉིན་མོའི”ཡར་སྔོན་དུ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་ཉིན་མོར་འགོ་ཁྲིད་ལས་བྱེད་པའི་ཞལ་འདེབས་ཕུལ་བའི་བྱ་འགུལ་སྤེལ།  མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའམ།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལའོ་ཧེ་ཉིན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་སོགས་འགོ་ཁྲིད་རྣམ་པ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཐོག་ཁང་མདུན་དུ་བཀོད་སྒྲིག་བྱས་ཡོད་པའི་ཞལ་འདེབས་བྱེད་ས་རུ་ཕེབས་ནས་རང་ཉིད་ཀྱི་བྱམས་སེམས་ཕུལ་བ་རེད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན། ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་སོགས་འབྲེལ་ཡོད་འགོ་ཁྲིད་དག་ཐེངས་འདིའི་ཞལ་འདེབས་ཕུལ་བའི་བྱ་འགུལ་སྟེང་ཞུགས་པ་དང་།  ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོའི་ལས་བྱེད་མི་སྣ་དག་གིས་ཀྱང་བྱམས་བརྩེའི་ལག་ཟུང་རིང་མོ་བསྲིངས་ནས་བྱམས་སེམས་ཕུལ་བ་དང་དབུལ་ཕོངས་མང་ཚོགས་ལ་དྲོད་འཁོལ་སྦྱིན་པ་རེད།  རང་ཞིང་གིས་དབུལ་སྐྱོར་ཉིན་མོར་འགོ་ཁྲིད་ལས་བྱེད་པའི་བྱམས་སེམས་ཕུལ་བའི་བྱ་འགུལ་སྤེལ་བ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབོད་སྐུལ་དང་ལེན་བྱེད་པ་དང་།  ཏང་ཡོན་འགོ་ཁྲིད་པས་མ་སྐུལ་དང་ལེན་གྱིས་སྤྱི་ཚོགས་ཀྱི་ཁ་དབུགས་ཇེ་ལེགས་སུ་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱེད་པ། སྤྱི་ཚོགས་ལས་རིགས་སོ་སོས་དབུལ་ཕོངས་གནད་དོན་ལ་དོ་སྣང་བྱེད་པ། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ལ་བྱམས་སེམས་ཕུལ་བར་སྐུལ་སློང་བྱེད་པའི་ཆེད་ཡིན།   ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག