མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱིས་ལས་གཞི་ཞེ་དྲུག་ལག་བསྟར་བྱས་ནས་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བྱེ་བ་གསུམ་བསྡུ་རུབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-17 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ་དང་པོ་ནས་ཟླ་དགུ་བའི་བར་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཚོང་འགུགས་དངུལ་འདྲེན་གྱི་ལས་གཞིའི་རྣམ་གྲངས་ཞེ་དྲུག་ལག་བསྟར་བྱས་ཏེ། ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་གཅིག་བྱེ་བ་གསུམ་བསྡུས་ཟིན་པ་དང་། དམིགས་འབེན་མངོན་འགྱུར་བྱས་ཚད་བརྒྱ་ཆའི་བརྒྱ་དང་ཉེར་ལྔ་ཡན་ལ་བསླེབས།

གསར་དུ་བརྩོན་ལེན་བྱས་པའི་ལས་གཞི་ཉེར་དྲུག་ཡོད་ཅིང་། དེར་སྤྱིའི་མ་དངུལ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གསུམ་ལྷག་བཏང་ཟིན་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་གསུམ་དངོས་སུ་བསྡུས། རྒྱུན་མཐུད་ལས་གཞི་ཉི་ཤུ་བསྒྲུབས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་དངོས་སུ་བསྡུས། ས་ཁོངས་ཀྱི་ཆ་ནས་བཤད་ན། མཚོ་ལྷོ་ཁུལ་རང་ངོས་ནས་མ་དངུལ་དྲུག་ལག་བསྟར་དངོས་འབེབས་བྱས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་དངོས་སུ་བསྡུས། གུང་ཧོ་རྫོང་གིས་ལས་གཞི་བཅུ་གཉིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བདུན་བྱེ་བ་བདུན་ས་ཡ་གཉིས་དངོས་སུ་བསྡུས། ཁྲི་ཀ་རྫོང་གིས་ལས་གཞི་བཅུ་གཉིས་ལག་བསྟར་དངོས་འབེབས་བྱས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་བཞི་ས་ཡ་བདུན་དངོས་སུ་བསྡུས། ཞིན་ཧེ་རྫོང་གིས་ལས་གཞི་བདུན་བརྩོན་ལེན་བྱས་པ་དོན་འཁྱོལ་བྱུང་བ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ས་ཡ་བརྒྱད་དངོས་སུ་བསྡུས། ཐུན་ཏེ་རྫོང་གིས་ལས་གཞི་བཞི་ལག་བསྟར་དོན་འཁྱོལ་བྱས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་དགུ་ས་ཡ་ལྔ་དངོས་སུ་བསྡུས། ཀོས་ནན་རྫོང་གིས་ལས་གཞི་ལྔ་ལག་བསྟར་དོན་འཁྱོལ་བྱས་པ་དང་། དེ་ལས་ཁྱོན་བསྡོམས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་གཉིས་དངོས་སུ་བསྡུས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག