མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་རིགས་སོ་སོས་དབུལ་སྐྱོར་ཉིན་མོ་བསུ་བར་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱེད་བཞིན་ཡོད།

སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་དབུལ་ཕོངས་ཀྱི་གནད་དོན་དང་། དབུལ་སྐྱོར་གྱི་བྱ་བར་ངོས་འཛིན་ཟབ་མོ་བྱེད་ཆེད། རྒྱལ་སྲིད་སྤྱི་ཁབ་ཁང་གིས་ཉིས་སྟོང་བཅུ་བཞི་ལོ་ནས་བཟུང་ལོ་རེའི་ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནི་དབུལ་སྐྱོར་ཉིན་མོར་གཏན་འཁེལ་བྱས་ཡོད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མི་འགྱང་བར་དབུལ་སྐྱོར་ཉིན་མོར་ཐོན་ལ་ཉེ་བའི་དུས་འདིར། མཚོ་སྔོན་ཞིང་ཆེན་གྱིས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པ་ལྡན་པའི་དབུལ་སྐྱོར་གྱི་ཉིན་མོ་བསུ་བར་གྲ་སྒྲིག་བྱེད་ཀྱིན་ཡོད། ཤེས་གསལ་ལྟར་ན། སྐབས་འདིའི་དབུལ་སྐྱོར་ཉིན་མོ་སྟེ། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་སྨྱད་བྱེད་བེད་སྤྱོད་བྱས་ནས་ཚེས་ཉེར་ལྔ་ཉིན་བར་དུ་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་བྱ་བའི་གྲུབ་འབྲས་དང་། དབུལ་སྐྱོར་སྔོན་ཐོན་གྱི་དཔེ་མཚོན་ཉམས་མྱོང་མཚམས་སྦྱོར་བྱེད་རྒྱུ་ཡིན་པ་དང་། དབུལ་ཕོངས་དཀའ་ངལ་དང་། བརྩེ་སེམས་བརྗོད་བྱ་ཡིན་པའི་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། གཞན་ཡང་། དབུལ་སྐྱོར་ཉིན་མོར་ཞལ་འདེབས་འབུལ་བར་གྲོས་ཆོད་ཡི་གེ་བྲིས་ཏེ། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་། དམངས་གཉེར་ཁེ་ལས་སོགས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བརྩེ་སེམས་ལྡན་པའི་མི་སྣ་སོགས་དུས་ལྟར་ཟབ་ཞུགས་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཞལ་འདེབས་སུ་ཕུལ་བའི་སྒོར་མོ་ཚང་མ་གཅིག་ནས་དངུལ་ལོར་དབུལ་སྐྱོར་ལག་བསྟར་བྱས་ནས་དངུལ་ལོར་སྡེ་ཁག་གི་མ་དངུལ་དེས་མཉམ་དུ་དབུལ་ཕོངས་སྡེ་བར་དབུལ་སྐྱོར་ལས་གཞི་དང་། ཁེ་ལས་དར་སྤེལ་གཏོང་བ་དང་། གཉིས་ནས་དབུལ་ཕོངས་སྡེ་བར་དངོས་འབེབས་ལག་བསྟར་བྱས་ནས་དབུལ་ཕོངས་ངལ་རྩོལ་གསོ་སྦྱོང་ལས་གཞི་སྤེལ་བར་བཀོལ་རྒྱུ་རེད།

ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁབ་ཁང་གིས་དབུལ་སྐྱོར་ཉིན་མོ་གཏན་འཁེལ་བྱས་པ་འདིས་དབུལ་ཕོངས་ས་ཁུལ་དང་། དཀའ་ངལ་ཅན་གྱི་མང་ཚོགས་ལ་ཐུགས་ཁུར་བྱས་པ་མཚོན་ཐུབ་ལ། དབུལ་སྐྱོར་དར་སྤེལ་གྱི་བྱ་བ་འདི་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་ཤེས་ཐུབ།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག