མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་རང་བཞིན་གྱི་ཚོགས་པ་དང་རྩ་འཛུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།

བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-16 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་རང་བཞིན་གྱི་ཚོགས་པ་དང་རྩ་འཛུགས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྔར་ལས་སྐྱེད་སྲིང་དང་ལག་ལེན་དུ་བསྟར་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་མང་ཚོགས་རང་བཞིན་གྱི་ཚོགས་པ་དང་རྩ་འཛུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་ཚོགས་འདུར་ཞུགས་ནས་གཏམ་བཤད།

བཞུགས་མོལ་ཚོགས་འདུའི་སྟེང་དུ། ཚོགས་ཞུགས་མི་སྣས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་བྱེད་མཁན་གྱི་སྔོན་ཐོན་མི་སྣའི་མི་ཚེའི་གཏམ་རྒྱུད་སྐོར་གྱི་བརྙན་ཐུང་ལ་བལྟས་པར་མ་ཟད། རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་སྐོར་ཞིག་གིས་རང་སོ་སོའི་ལས་རྐང་སྟེང་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཇི་ལྟར་ལག་བསྟར་བཟང་བོ་བྱས་པའི་སྐོར་ནས་གཏམ་བཤད།

སུའུ་ཉིན་གྱིས་ཞིང་ཆེན་ཡོངས་ཀྱི་མང་ཚོགས་རྩ་འཛུགས་ཀྱིས་ངེས་པར་དུ། སྔོན་ཐོན་དཔེ་སྟོན་མི་སྣའི་སྟེང་མངོན་ཡོད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། དཀའ་སྤྱད་འབད་འཐབ་ཀྱི་སྙིང་རུས། བླ་མེད་ཁྱད་འཕགས་ཀྱི་སྤྱོད་ལམ་བཅས་ལ་སློབ་སྦྱོང་དང་དྲིལ་སྒྲོག་གང་ལེགས་བྱས་ཏེ། འགན་འཁྲིའི་འདུ་ཤེས་དྲག་པོ་དང་དཀའ་ངལ་ལ་གདོང་གཏོད་པའི་འགྱུར་མེད་སྙིང་རུས་ཡིད་ལ་བཅངས་ནས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་མཁན་འབོར་ཆེན་གསོ་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་མང་ཚོགས་ཁྲོད་ཀྱི་དཔེ་སྟོན་མི་སྣ་དང་སྔོན་ཐོན་མི་སྣའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་མྱུ་གུ་སྤྱི་ཚོགས་ཀྱི་གྲུ་ཟུར་གང་རུང་ནས་འབུས་ཐུབ་པར་འབད་བརྩོན་གང་ལེགས་བྱེད་དགོས་པའི་རེ་འདུན་བཏོན།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག