མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལས་བྱེད་པ5189ཡིས་ཤང་གྲོང217དང་སྡེ་བ634ནས་ཁ་གཏད་རོགས་སྐྱོར་བྱེད་བཞིན་ཡོད་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:26

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་ཟླ9བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་ཁུལ། རྫོང་བཅས་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ནས་ལས་བྱེད་པ5189གཞི་རིམ་དང་མང་ཚོགས་ཁྲོད་མངག་གཏོང་བྱས་ཏེ། བོད་ཁུལ་གྱི་ཤང་གྲོང217དང་གཙོ་གནད་རོགས་སྐྱོར་སྡེ་བ634ནས་བཅའ་སྡོད་བྱས་ནས་རོགས་སྐྱོར་བྱ་བ་སྤེལ། ལོ་གཅིག་གི་རིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག ལས་བྱེད་པ་མངག་གཏོང་བྱེད་ཡུལ་གྱི་ལས་ཁུངས་བཅས་ཀྱིས་མ་དངུལ་དང་ནུས་པའི་ཐད་ནས་རོགས་སྐྱོར་བྱས་ཤིང་། ལས་བྱེད་པ་ཤང་གྲོང་དང་སྡེ་བ་ནས་བཅའ་སྡོད་ལས་བྱེད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་ཕན་འབྲས་ལེགས་པོ་བླངས།

ལས་བྱེད་པ་སྡེ་བ་ནས་བཅའ་སྡོད་བྱ་བ་སྤེལ་བའི་ཚུན་ནས་བཟུང་། ས་ཁུལ་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་སྒྲིག་ཁྲིམས་ནན་ཏན་དང་དོ་དམ་བྱེད་ཐབས་ཞིབ་ཕྲར་བཟོས་ཏེ། མུ་མཐུད་དུ་གཞི་རིམ་བཅའ་སྡོད་ལས་བྱེད་པ་གཞི་རིམ་དུ་བསྐྱོད་ཐུབ་པ་དང་བཅའ་སྡོད་བྱེད་ཐུབ་པ། ཕན་ནུས་འདོན་ཐུབ་པའི་དོ་དམ་དཔྱད་ཞིབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ལྟ་བཤེར་དོ་དམ་བྱེད་ཤུགས་དངོས་གནས་ཇེ་ཆེར་བཏང་།

ལོ་གཅིག་གི་རིང་། རྒྱ་ཆེའི་སྡེ་བའི་བཅའ་སྡོད་བྱེད་པས་གཞི་རིམ་ལ་རྐང་བཙུགས་ཏེ། རང་འགུལ་གྱིས་ལས་རྐང་དུ་ཞུགས་ནས་མང་ཚོགས་ལ་ཞབས་ཞུ་དང་ཕྱོགས་ཡོངས་ནས་བྱེད་ནུས་འདོན་སྤེལ་བྱས་ཤིང་། རང་འགུལ་གྱིས་སྲིད་ཇུས་བཅའ་ཁྲིམས་འགྲེལ་བཤད་པ་དང་འགལ་ཟླ་རྩོད་གླེང་བར་འདུམ་པ། སྡེ་བ་རིམ་པའི་ལས་དོན་འཕེལ་རྒྱས་ཀྱི་སྐུལ་འདེད་པ། རོང་འབྲོག་པ་མང་ཚོགས་ཀྱི་ཞབས་ཞུ་པ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་སྣེ་ཁྲིད་པའི་འགན་ཕྲག་ཏུ་བླངས་ནས། མང་ཚོགས་ལ་དངོས་ཡོད་དཀའ་ངལ3942ཐག་གཅོད་བྱས་ཤིང་། ཁོར་ཡུག་འཕྲོད་བསྟེན1996བཅོས་སྐྱོང་བྱས་ལ། འགལ་ཟླ་རྩོད་གླེང3916བར་འདུམ་བྱས། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར1.3དངོས་འབེབས་བྱས་ཏེ་རྨང་གཞི་སྒྲིག་ཆས་ལས་གཞི3200ལྷག་ལག་བསྟར་བྱས།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག