མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱིས་རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར1.67དངོས་འབེབས་བྱས་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-16 10:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩྭ་སའི་སྐྱེ་ཁམས་ཁ་གསབ་བྱ་དགའི་ལམ་ལུགས་བྱ་བ་ལག་བསྟར་བྱས་པའི་ཚུན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་ལ་ཤུགས་སྣོན་དང་དངོས་འབེབས་གཙིགས་སུ་བཟུང་སྟེ། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་ལུགས་ལག་བསྟར་འཆར་འགོད་ལ་གཞིགས་ནས། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱས་ཤིང་འཕེལ་རིམ་བདེ་བླག་ཡིན། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་པས་རྩྭ་ས་མུའུ་ཁྲི1180ཕྱུགས་བཀག་པ་དང་རྩྭ་ཕྱུགས་དོ་མཉམ་རྒྱ་ཁྱོན་མུའུ་ཁྲི2398.8ལ་སླེབས་ཤིང་། མིས་རྩྭ་འདེབས་བྱས་པའི་ལོ་གཅིག་རིང་སྐྱེས་པའི་གཟན་རྩྭ་ཁ་གསབ་རྒྱ་ཁྱོན་མུའུ་ཁྲི30.1ཡོད་ལ། མིས་རྩྭ་འདེབས་བྱས་པའི་ལོ་དུ་མའི་རིང་སྐྱེས་པའི་གཟན་རྩྭ་ཁ་གསབ་རྒྱ་ཁྱོན་མུའུ་ཁྲི6ཡོད། འབྲོག་པར་ཐོན་སྐྱེད་རྒྱུ་ཆ་ཁ་གསབ་བྱས་པ་ཁྱིམ་ཚང14531ཡོད། བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི16727.1དངོས་འབེབས་ཤིང་། དེའི་ནང་ཕྱུགས་བཀག་ཁ་གསབ་མ་དངུལ་སྒོར་ཁྲི11800དང་རྩྭ་ཕྱུགས་དོ་དམཉམ་བྱ་དགའ་སྒོར་ཁྲི3598.55། གཟན་རྩྭ་རྒྱུད་བཟང་ཁ་གསབ་མ་དངུལ་སྒོར་ཁྲི602དང་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་མ་དངུལ་སྒོར་ཁྲི726.55ཡོད།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག