མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིན་ཧེ་རྫོང་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་བ་དང་ལོ་ཧོས་ཉིན་དང་ཧའོ་ཕིན་གཉིས་ཀྱིས་དོན་རྐྱེན་དེའི་ཐད་ལ་མཆན་བཀོད་མཛུབ་སྟོན་གནང་།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 10:19

01.JPG
དོན་རྐྱེན་བྱུང་ཡུལ།

02.jpg
དོན་རྐྱེན་བྱུང་ཡུལ།

03.JPG
དོན་རྐྱེན་བྱུང་ཡུལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ10བའི་ཚེས13ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་ཡས་མས་སུ། ཟི་ལིང་གི་ལྗིད་འདེགས་རླངས་འཁོར་ཆེན་པོ་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་གྱི་ཁྲོམ་རའི་སྒོ་ཁ་བརྒྱུད་སྐབས། གློ་བུར་དུ་དགག་ཟྭ་ཆད་དེ། ལམ་འགྲམ་གཡས་གཡོན་ན་བཞག་ཡོད་པའི་རླངས་འཁོར་དང་གཞུང་ལམ་སྟེང་དུ་བགྲོད་གྱིན་པའི་རླངས་འཁོར་ལ་གདོང་གཏུག་བརྒྱབ་ནས། མི་ལྔ་དེ་གར་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་སྨན་ཁང་ལ་སྐྱེལ་བའི་ལམ་བར་ནས་རྐྱེན་ལམ་དུ་ཤོར། མི་གཉིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ནས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཤི། མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་བྱུང་བ་དང་། མི་བཅུ་བཞིར་རྨས་ཅུང་ཡང་མོ་ཕོག རླངས་འཁོར་བཅུ་བདུན་ལ་ཆག་སྐྱོན་བྱུང་། མིག་སྔར། རྨས་མ་བཅོ་ལྔ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་བྱེད་ཀྱིན་ཡོད།

    དོན་རྐྱེན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་དང་། ཧྲིན་ཀྲང་ཧའོ་ཕིན་གཉིས་ཀྱིས་དོན་རྐྱེན་དེར་མཐོང་ཆེན་བླ་མེད་གནང་། ལོ་ཧོས་ཉིན་གྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ་དང་། སྟོབས་ཤུགས་གང་ཡོད་རྩལ་དུ་བཏོན་ནས་རྨས་མ་མྱུར་སྐྱོབ་བྱེད་པ། དོན་རྐྱེན་གཞུག་གི་ལས་སྒོ་ཚང་མ་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་བསྟན། ཧའོ་ཕིན་གྱིས་དོན་རྐྱེན་ཐག་གཅོད་སྟངས་ཐད་རེ་འདུན་ནན་མོ་བཏོན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གིས་དེ་འཕྲལ་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་གི་འབྲེལ་ཡོད་འགན་ཁུར་མི་སྣ་ཐད་ཀར་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་མངགས་ནས། མྱུར་སྐྱོབ་བྱ་བར་མཛུབ་སྟོན་བྱེད་དགོས་པའི་བཀའ་ཕབ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣས་དོ་སྣང་ཆེན་པོ་བྱས་ཏེ། མཚོ་ལྷོ་ཁུལ་སྲིད་གཞུང་དང་ཁུལ་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང། ཁུལ་འཕྲོད་བསྟེན་ཅུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཡུལ་དངོས་སུ་མངགས་ནས། མྱུར་སྐྱོབ་བྱ་བ་སྒྲུབ་རོགས་བྱས་པར་མ་ཟད། ད་དུང་འདས་པོའི་ཁྱིམ་དུ་སོང་ནས་སེམས་གསོ་དང་རྨས་མར་འཚམས་འདྲི་སོགས་དོན་རྐྱེན་གཞུག་གི་བྱ་བ་འཐུས་ཚང་ངང་སྒྲུབ་བཞིན་ཡོད།  །

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག