མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣར་གཟེངས་བསྟོད་བྱེད་པའི་ཁྲོད་དུ་མཚོ་སྔོན་གྱི་ཐུན་མོང་གཅིག་དང་མི་སྒེར་གཅིག་ལ་གཟི་བརྗིད་མཚན་སྙན་ཐོབ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 10:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས་བཅུའི་ཉིན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་པེ་ཅིན་ནས་ཚོགས་པའི་སྐབས་ལྔ་བའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་། ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ། མི་ཤུགས་ཐོན་ཁུངས་པུའུ། སྤྱི་ཚོགས་འགན་སྲུང་པུའུ་དང་། ཚན་རྩལ་པུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་དང་ཆེད་ལས་ལག་རྩལ་མི་སྣའི་སྔོན་ཐོན་ཐུན་མོང་གོ་དྲུག་ལ་གཟེངས་བསྟོད་བྱས་པ་དང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ལ་རྒྱལ་ཡོངས་ཆེད་ལས་ལག་རྩལ་སྔོན་ཐོན་ཐུན་མོང་གི་གཟི་བརྗིད་མཚན་སྙན་ཐོབ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟི་བརྗིད་མཚན་སྙན་ཐོབ།

མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཉིས་སྟོང་བདུན་ལོའི་ཟླ་བཅུ་གཉིས་པར་བཙུགས་པའི་ཚུན་ལ། མཉམ་དུ་རྒྱལ་ཁབ་རིམ་པའི་ཚན་རིག་ཞིབ་འཇུག་ལས་གཞི་དགུ་དང་། ཞིང་ཆེན་རིམ་པའི་ཚན་རྩལ་ཞིབ་འཇུག་ལས་གཞི་བཅོ་བརྒྱད་ཀྱི་འགན་ཁུར་ཞིང་། བླངས་བའི་གྲུབ་འབྲས་ཁྲོད་དུ། རྒྱལ་སྤྱིའི་སྔོན་གྲས་ཀྱི་ཆུ་ཚད་དུ་བསླེབས་པའི་ལས་གཞི་གསུམ་དང་། རྒྱལ་སྤྱིའི་སྔོན་ཐོན་གྱི་ཆུ་ཚད་དུ་བསླེབས་པའི་ལས་གཞི་ལྔ། རྒྱལ་ནང་གི་སྔོན་གྲས་ཀྱི་ཆུ་ཚད་དུ་བསླེབས་པའི་ལས་གཞི་བདུན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཡར་ཐོན་སོགས་ལས་གཞི་གསུམ་སོགས་ཡོད་པས། མཚོ་སྔོན་ཞིང་ཆེན་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་གསར་སྤེལ་དང་བེད་སྤྱོད་ཞིབ་འཇུག འཁོར་སྤྱོད་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་འབུར་ཐོན་བཞག

འཇུ་སྐལ་བཟང་གིས་ལོ་ངོ་སུམ་ཅུའི་རིང་ལ་བོད་ཡིག་གི་གནའ་དཔེ་དག་སྒྲིག་དཔེ་སྐྲུན་སོགས་ཀྱི་བྱ་བ་བསྒྲུབས་ནས། གནའ་དཔེ་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བ་སྤེལ་ནས། ས་གནས་ཀྱི་གནའ་དཔེ་རྩ་ཆེན་འབོར་ཆེན་དག་སྒྲིག་བྱས་ནས། འཕྲོ་རིམ་འཕྲོར་ལོ་མང་བོ་ཞིག་ལ་ཞིང་ཆེན་ཡོངས་ཀྱི་གནའ་དཔེ་བྱ་བའི་སྔོན་ཐོན་མི་སྒེར་དུ་བདམས་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་བྱས་རྗེས་འབུལ་མཁན་གྱི་མི་སྣའི་བྱ་དགའ་བྱིན།  །

 

རྩོམ་སྒྲིག་པ: བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ: དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག