མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཆི་ལེན་རྫོང་གིས་ད་ལོར་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་བཏང་ནས་མཐོ་སྒང་གི“མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན”བྱས་ནས་ཕན་འབྲས་ཐོབ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-15 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གིས་ད་ལོར་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཅིག་ས་ཡ་བཞི་བཏང་ནས་མཐོ་སྒང་གི“མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན”བྱས་ཤིང་། སྟོབས་ཤུགས་ཡོད་རྒུས་སྡོད་ཁང་འཛུགས་སྐྲུན་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། སྡེ་བའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱས།

ད་ལོར་ཆི་ལེན་རྫོང་གིས་ལས་ཁུངས་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་བྱེད་པ་དང་། ལས་གཞིའི་མ་དངུལ་ཕྱོགས་མང་བོ་ནས་ལེགས་སྒྲིག མང་ཚོགས་གཙོ་ཡིན་པའི་ནུས་པ་སོགས་གནད་འགག་གི་རྣམ་པ་འདོན་སྤེལ་བྱས་ནས། ཤུགས་ཆེན་པོས་སྡེ་བ་རིམ་པའི་རྨང་གཞི་སྒྲིག་ཆས་དང་། སྤྱི་སྤྱོད་ཞབས་ཞུའི་སྒྲིག་ཆས། ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་དེ་མིན་ཐོན་ལས་འཕེལ་རྒྱས་སྒྲིག་ཆས་སོགས་མཛེས་སྡུག་གི་ཞང་སྡེའི་ལས་གཞི་འཛུགས་སྐྲུན་བྱེད་པའི་བྱ་བ་ཡར་སྐུལ་བྱས། པ་པོ་དང་། མཁར་དམར། མུ་རི། ཨ་རིག འབྲོང་ལུང་། གཡང་ལུང་སོགས་ཞང་དང་གྲོང་རྡལ་ནས་ཁང་བ་མེད་པ་དང་། ཉེན་ཁང་བསྒྱུར་བཀོད་བཟོ་སྐྲུན་ཐད་ལ་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་བརྒྱད་ཁྲི་ལྔ་བཏང་། ད་ལྟ་མུས་གྲུ་བཞི་མ་ཁྲི་བཞི་དང་སྟོང་དགུ་ལྷག་ལས་མགོ་བརྩམས་ཤིང་། རོང་འབྲོག་ཁྱིམ་ཚང་བརྒྱད་བརྒྱ་ལྷག་ལ་ཕན་ཁེ་ཐོབ།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག