མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་སློབ་གྲྭ་ཆུང་འབྲིང་གི་རྐང་འཛིན་སློབ་གཙོ400གསོ་སྦྱོང་བྱེད་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས14ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས2014ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་གསོ་སྦྱོང་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་འགོ་བརྩམས།

ཐེངས་འདིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་གསོ་སྦྱོང་བྱེད་པའི་བཟོ་འགོད་ནི་སོ་སོར་སློབ་གསོ་པུའུ་སློབ་འབྲིང་སློབ་གཙོ་གསོ་སྦྱོང་ལྟེ་གནས་དང་སློབ་གསོ་པུའུ་སློབ་ཆུང་སློབ་གཙོ་གསོ་སྦྱོང་ལྟེ་གནས་ཀྱིས་འགན་སྒྲུབ་བྱེད་པ་ཡིན་ལ། གསོ་སྦྱོང་ནང་དོན་ལ་རྒྱལ་ཁབ་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་ཆེད་ལས་ཚད་གཞི་ལ་གཞིགས་ཏེ། རྨང་གཞིའི་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སློབ་གྲྭ་དོ་དམ། སློབ་ཚན་བཅོས་བསྒྱུར། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དོན་འཆད་ཁྲིད་དང་དཔེར་མཚོན་དབྱེ་ཞིབ། ཕན་ཚུན་བགྲོ་གླེང་། ཡུལ་དངོས་སློབ་ཁྲིད། མཚན་སྙན་ཆེ་བའི་སློབ་གྲྭར་ལྟ་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གསོ་སྦྱོང་བྱེད་རྒྱུ་རེད། གསོ་སྦྱོང་བྱེད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོའི་ཆེད་ལས་སྤུས་ཚད་དང་སློབ་སྒྲུབ་སློབ་སྐྱོང་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཕྱོགས་ཡོངས་ཀྱི་སློབ་སྒྲུབ་ཆུ་ཚད་དང་དོ་དམ་ཆུ་ཚད། སློབ་གསོའི་སྤུས་ཚད་མཐོར་འདེགས་སུ་གཏོང་རྒྱུ་རེད།

གསོ་སྦྱོང་གི་འཆར་གཞི་ལྟར་ན། ཐེངས་འདིའི་གསོ་སྦྱོང་བཟོ་འགོད་ལ་ད་ལོའི་སྟོན་དུས་སུ་དགེ་རྒན200དང་སང་ལོའི་ལོ་སྟོད་ལ་དགེ་རྒན200གསོ་སྦྱོང་བྱེད་རྒྱུ་རེད། ཞིང་ཆེན་སློབ་གསོ་ཐིན་གྱི་རྨང་གཞི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཕིང་ཆིན་གྱིས་མཚམས་སྦྱོར་བྱེད་རྒྱུར། སློབ་གཙོའི་སྤུས་ཚད་དང་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཐེངས་འདིའི་བཟོ་འགོད་ལ་སྔོན་ལ་གསོ་སྦྱོང་དང་རྗེས་ནས་སྐྱེད་སྲིང་བྱེད་པའི་རྣམ་པ་ལག་བསྟར་བྱེད་རྒྱུ་ཡིན་ཟེར། སློབ་ཆུང་དང་སློབ་འབྲིང་སློབ་གཙོ་གསོ་སྦྱོང་མཇུག་སྒྲིལ་རྗེས། གསོ་སྦྱོང་ཐེངས་གཉིས་ཀྱི་ཁྲོད་སོ་སོར་དགེ་རྒན30རེ་བདམས་ནས། བསྡོམས་པས་སློབ་གཙོ60དེ་མཚོ་སྔོན་གྱི་སློབ་ཆུང་སློབ་གཙོ་སྐྱེད་སྲིང་བྱ་ཡུལ་དུ་བཞག་སྟེ། དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་རིང་མཛུབ་སྟོན་བྱས་ནས་ཁོ་ཚོ་སློབ་ཆུང་བཅོས་བསྒྱུར་གསར་སྐྲུན་ལ་སྣེ་ཁྲིད་མཁན་གྱི་སློབ་གཙོ་དང་སྤུས་ཚད་སློབ་གསོ་ལག་བསྟར་བྱེད་པའི་སྣེ་ཁྲིད་མཁན་དུ་བསྒྱུར་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག