མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཛེས་སྡུག་གི་ཤང་སྡེ་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་སྡེ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-15 10:17

མཛེས་སྡུག་གི་ཤང་སྡེ་སྟེ། རྐ་འབའ་སུམ་མདོ་གྲོང་རྡལ་གཏེར་སྟོན་སྡེ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོ་སྒང་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་ཐག་གཅོད་བཀོད་སྒྲིག་ལ་གཞིགས་ནས། ཧུར་བརྩོན་གྱིས་སྡེ་བ་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ལས་དར་དམངས་ཕྱུག དོ་དམ་གསར་སྐྲུན་སོགས་ཀྱི་བཟོ་འགོད་ཆེན་མོ་དྲུག་ལག་བསྟར་བྱས་པ་དང་། མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ལ། ད་ལོར་རྫོང་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར2.83བཏང་ནས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་ལས་གཞི7དང་དབུལ་སྐྱོར་བརྟན་བརྟིང་གི་སྡེ་བ་འཛུགས་སྐྲུན་ལས་གཞི22ལག་བསྟར་བྱས་པ་དང་། སྡེ་བ་འཛུགས་སྐྲུན་དང་རིག་གནས་ཐང་ཆེན་འཛུགས་སྐྲུན་བྱས་པ་བརྒྱུད། ཕྱོགས་ཡོངས་ནས་ཆུ་དང་གློག ལམ། རྒྱང་སྒྲོག་བརྙན་འཕྲིན། བརྡ་འཕྲིན་བཅས་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས་ཏེ། གཞི་རྩའི་ཐོག་མཛེས་སྡུག་ཤང་སྡེའི་རྣམ་པ་ཐོག་མར་མངོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག