ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་རླངས་འཁོར་ས་ཚིགས་82གསར་འཛུགས་བྱེད་པའི་འཆར་གཞི་ལ་ལག་བསྟར་ཞིག་འཇུག་བདེན་དཔང་ཐོབ་པ་དང་། དེ་དག་སྔ་རྗེས་སུ་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། གསར་དུ་འཛུགས་པའི་རླངས་འཁོར་ས་ཚིགས་དེ་དག་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ལ་ཁྱབ་ཡོད་པ་དང་། དེའི་ནང་རིམ་པ་གསུམ་པ་དང་དེ་ཡན་གྱི་རླངས་འཁོར་ས་ཚིགས17ཡོད་ལ། ཤང་གྲོང་རླངས་འཁོར་ས་ཚིགས65ཡོད། ཞིང་ཆེན་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་འཆར་གཞི་ལྟར་ན“ལྔ་བཅུ་གཉིས་པའི”དུས་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་རྫོང་སྲིད་གཞུང་ཡོད་སར་རླངས་འཁོར་འབབ་ཚིགས་ཡོད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད། །