མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་རྨ་ཆུ་ཀུང་ཟིས་ཡུས་ཧྲུའུ་ཡི་གློག་མེད་པའི་ས་ཁུལ་ལ་ཁྱིམ་སྤྱོད་ཉི་གློག་བྱིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-10-14 10:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིས་ཉེ་ལམ་ཡུལ་ཧྲུའུ་གྲོང་ཁྱེར་སྐྱེ་རྒུ་གྲོང་རྡལ་སྐོར་ཆེན་སྡེ་བར་ཁྱིམ་ཚང་གིས་བཀོལ་པའི་ཉི་འོད་ནུས་པའི་མ་ལག་ཆ་ཚང་བརྒྱ་དང་བདུན་ཅུ་བྱིན་པ་དེས་མི་དྲུག་བརྒྱ་དང་བཅུ་དགུ་ལ་གློག་མེད་པའི་གནད་དོན་ཐག་གཅོད་བྱེད་ཐུབ།

རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི«ཕྱོགས་ཡོངས་ནས་གློག་མེད་པའི་མི་གྲངས་ཀྱིས་གློག་བཀོལ་བའི་གནད་དོན་དེ2013ལོ་ནས2015ལོའི་བར་གྱི་ལོ་གསུམ་གྱི་ནང་ཐག་གཅོད་བྱེད་པའི་འཆར་གཞི»ལྟར། མཚོ་སྔོན་ཞིང་ཆེན་རྨ་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་ཟིས་ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར། ཁྲི་འདུ་རྫོང་། ནང་ཆེན་རྫོང་། རྫ་སྟོད་རྫོང་། འབྲི་སྟོད་རྫོང་བཅས་ལ་སྡོམ་པས་ཉི་འོད་ནུས་པའི་ཁྱིམ་སྤྱོད་གློག་ཆས་ཁྲི་གསུམ་དང་སྟོང་ལྔ་སྟེར་བའི་ལས་གཞི་ལག་བསྟར་བྱེད་པའི་བྱ་བའི་འགན་ཁུར་བ་དང་། སྔོན་དཔག་བྱས་ན་ལས་གཞི་དེས་ས་དེའི་མི་གྲངས་འབུམ་གཅིག་ཁྲི་གསུམ་སྟོང་བརྒྱད་བཞི་བརྒྱའི་རྒྱུན་བཀོལ་གློག་གི་གནད་དོན་ཐག་གཅོད་བྱེད་ཐུབ།

རྨ་ཆུ་ཀུང་ཟིའི་ནུས་ཁུངས་གསར་བ་གཅིག་བསྡུས་ཀྱིས་གྲུབ་པའི་ཀུང་ཟི་དེས་ལས་གཞི་ལག་བསྟར་བྱེད་པའི་ལས་ཁུངས་ཡིན་པའི་ཆ་ནས་ད་ལོའི་ཟླ་དགུ་བའི་ཟླ་མགོ་ནས་བཟུང་ས་གནས་སྲིད་གཞུང་དང་འབྲེལ་འདྲིས་བྱས་ཏེ་མཉམ་དུ་ཡུས་ཧྲུའུ་ཁུལ་གྱི་གློག་མེད་པའི་ས་ཁུལ་ལ་ཁྱིམ་སྤྱོད་ཉི་གློག་སྟེར་བའི་ལག་བསྟར་བྱེད་ཐབས་བཏོན་ཏེ་བྱ་བ་དེ་བདེ་བླག་ངང་བསྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིངས། སྔོན་དཔག་བྱས་ན་བྱ་བ་དེ་ད་ལོའི་ལོ་མཇུག་ཏུ་ཡོངས་འགྲུབ་བྱེད་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག