མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རེབ་གོང་སྒྱུ་རྩལ་མི་འགྱང་བར་ཀོང་ཀྲིག་དང་ཐེན་ཅིན་ནས་འགྲེམ་སྟོན་བྱེད་རྒྱུ་རེད།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་སྒྱུ་རྩལ་དངོས་མང་བཤམས་སྟོན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རེབ་གོང་སྒྱུ་རྩལ་འཛམ་གླིང་ཅན་དང་མཚན་སྙན་མཐོར་འདེགས། ཀྲུང་གོའི་རེབ་གོང་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་བཏང་ནས་ཁྲོམ་ར་ཅན་གྱི་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཆེད། ད་ལོའི་ཟླ་བཅུ་གཅིག་པའི་ནང་དུ། རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་དང་། རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀོང་ཀྲིག་གྲོང་ཁྱེར་དང་ཐེན་ཅིན་གྲོང་ཁྱེར་ནས་རེབ་གོང་སྒྱུ་རྩལ་འགྲེམ་སྟོན་བྱེད་རྒྱུ་རེད།

ཐེངས་འདིའི་འགྲེམ་སྟོན་བརྒྱུད་དེ། རེབ་གོང་རིག་གནས་བརྒྱུད་སྒྲོག་བྱེད་ཐུབ་པ་དང་། ནང་ལོག་གི་མི་མང་པོ་ཞིག་གིས་རབ་མཛེས་མཚོ་སྔོན་ལ་རྒྱུས་ལོན་བྱེད་ཐུབ་ལ། མཛེས་སྡུག་རྣམ་པར་བཀྲ་བའི་རྨ་ལྷོའི་གཟི་ཉམས་རྟོགས་ཐུབ་པར་མ་ཟད། མི་རིགས་མི་གཅིག་པ་དང་ས་ཁུལ་མི་གཅིག་པའི་རིག་གནས་བརྒྱུད་སྒྲོག་དང་། བརྗེ་རེས། མཉམ་འབྲེལ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག