མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་རྗེས་མཐུད་བྱ་བའི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་ལྔ་བ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་རྗེས་མཐུད་བྱ་བའི་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་ཟླ་བཅུ་བའི་ཚེས་བདུན་ཉིན་ཡུས་ཧྲུའུ་གྲོང་ཁྱེར་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ། མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་མཱ་ཧྲུན་ཆིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རྗེས་མཐུད་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཚོགས་ཐོག་ནས་ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར། རོགས་འཛུགས་སྡེ་ཁག་བཅས་ཀྱི་བསྐྱར་འཛུགས་རྗེས་མཐུད་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། རྗེས་མཐུད་ཀྱི་འབྲེལ་ཡོད་བྱ་བར་བཀོད་སྒྲིག་ཞིབ་མོ་བྱས།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་རྗེས་མཐུད་གཞུང་སྒྲུབ་ཁང་གི་བྱ་བའི་ཚན་ཆུང་སོ་སོ་དང་། ཡུས་ཧྲུའུ་ཁུལ་དང་གྲོང་ཁྱེར་གྱི་སྲིད་གཞུང་། རོགས་འཛུགས་ས་ཁུལ་དང་སྡེ་ཁག་སོ་སོས་ཆབ་སྲིད་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོའི་སྒོ་ནས། སྟོབས་ཤུགས་གཅིག་སྒྲིལ་དང་སྐབས་བསྟུན་མདུན་བསྐྱོད་བྱས་ནས། སྟོབས་ཤུགས་ཡོད་རྒུས་བསྐྱར་འཛུགས་རྗེས་མཐུད་བྱ་བ་སྤེལ་དགོས། མིག་སྔའི་བར་དུ། སྡོད་ཁང་དང་གཞུང་བཙུགས་ལས་གཞིའི་ཐད་ཀྱི་རྒྱུ་སྤུས་གནད་དོན་ཡོངས་རྫོགས་ལེགས་བཅོས་བྱས་ཟིན་པ་དང་། གྲོང་ཁྱེར་བཟོ་སྐྲུན་གྱི་རྒྱུ་སྤུས་ལེགས་བཅོས་ཐད་ནས་བརྒྱ་ཆའི་གྱ་བདུན་གྱི་ལས་འགན་ཡོངས་འགྲུབ་བྱས་ལ། ཡུས་ཧྲུའུ་བསྐྱར་འཛུགས་ཀྱི་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་ཞེ་བརྒྱད་ལས་ལས་གཞི་སྟོང་གཅིག་ཉིས་བརྒྱ་དང་གཅིག་ལ་ཞིབ་བཤེར་རྩིས་ལེན་བྱས་པ་དང་། བསྐྱར་འཛུགས་ལས་གཞིའི་བཟོ་སྐྲུན་རྩིས་རྒྱག་དང་རྩིས་བཤེར་ཞིབ་དཔྱད་བྱ་བ་མགྱོགས་མྱུར་སྒོས་སྤེལ་ནས། ལོ་མཇུག་བར་དུ་བསྐྱར་འཛུགས་རྗེས་མཐུད་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚོགས་ཐོག་ནས། བསྐྱར་འཛུགས་རྗེས་མཐུད་བྱ་བ་དེ་ཆེས་མཐའ་མཇུག་གི་དུས་རིམ་དུ་སླེབ་ཡོད་པས། མཐུན་སྦྱོར་གཞོགས་འདེགས་ལ་སྔར་ལས་ཤུགས་སྣོན་པ་དང་། གཏན་ཁེལ་གསལ་བོ་བྱས་ཡོད་པའི་བྱ་བའི་ལས་འགན་དང་དུས་ཚོད་དུས་ཚིགས་གཞིར་བཟུང་ནས། མགྱོགས་མྱུར་སྒོས་ཆེས་མཐའ་མཇུག་གི་བྱ་བའི་གནད་དོན་བཟང་བོར་བསྒྲུབ་དགོས་པ་དང་། ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་སྲིད་གཞུང་གིས་བྱ་བ་སྣ་ཚོགས་རྒྱུན་ལྡན་ཅན་གྱི་དོ་དམ་ཁྲོད་བཞག་ནས། སྒྲིག་ལམ་འཛུགས་པ་དང་ཐོན་ལས་དམ་འཛིན་བྱེད་པ། དོ་དམ་ཇེ་དྲག་ཏུ་གཏོང་བ། བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ། ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་དང་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ། མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། མགོ་ཚུགས་ས་གསར་བ་ནས་མུ་མཐུད་དུ་ཡུས་ཧྲུའུ་གསར་བ་འཕེལ་རྒྱས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག