མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་རིག་གནས་ཉིན་མོ་སྟེ« མཚོ་སྔོན་གྱི་ཐང་ཀའི་སྒྱུ་རྩལ་འགྲེམ་སྟོན»ཏུང་ཅིན་ནས་སྤེལ་མགོ་བརྩམས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 11:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོའི་རིག་གནས་ཉིན་མོ་སྟེ«མཚོ་སྔོན་གྱི་ཐང་ཀའི་སྒྱུ་རྩལ་འགྲེམ་སྟོན»དེ་ཉེ་སྔོན་འཇར་པན་ཏུང་ཅིན་གྱི་ཀྲུང་གོ་དང་འཇར་པན་མཛའ་མཐུན་མཛེས་རྩལ་ཁང་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། རེབ་གོང་ས་ཁུལ་གྱི་ཐང་ཀ་བཞེངས་མཁན་དང་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་བཟོ་རྩལ་པས་བཞེངས་པའི་བརྩམས་ཆོས་སོ་ལྔས། འཇར་པན་གྱི་མང་ཚོགས་མང་པོར་མཚོ་སྔོན་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་རིག་གནས་ལོ་རྒྱུས་རྟོགས་སུ་བཅུག

ཀྲུང་གོའི་ཕུལ་བྱུང་རིག་གནས་མཚམས་སྦྱོར་བྱེད་པ་དང་། ཀྲུང་གོ་དང་འཇར་པན་གྱི་རིག་གནས་བརྗེ་རེས་ལ་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་གྱིས་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་ནས། ཀྲུང་གོའི་གཟུགས་འདས་རིག་གནས་ཀྱི་ལས་གཞི་སྟེ། མཚོ་སྔོན་རེབ་གོང་སྒྱུ་རྩལ་ཐང་ཀ་འཇར་པན་ནས་ཆེད་དོན་འགྲེམ་སྟོན་བྱེད་རྒྱུའི་ཐག་བཅད་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཚོགས་པ་འཇར་པན་དུ་མངགས་ཏེ་རིག་གནས་བརྗེ་རེས་བྱེད་ཐེངས་དང་པོ་རེད།

འགྲེམ་སྟོན་མགོ་བརྩམས་པའི་ཉིན་དེར་འཇར་པན་གྱི་ལས་རིགས་སོ་སོའི་མང་ཚོགས་ཉིས་བརྒྱ་ལྷག་གིས་འགྲེམ་སྟོན་ལ་བལྟས་ཤིང་། མཚོ་སྔོན་གྱི་དམངས་ཁྲོད་སྒྱུ་རྩལ་པ་གསུམ་གྱིས་ཡུལ་དངོས་ནས་ས་དེའི་མང་ཚོགས་ལ་རི་མོ་འབྲི་བ་སོགས་ཀྱི་ལག་ཤེས་ངོམས། རེབ་འདིའི་འགྲེམ་སྟོན་བྱེད་ཡུན་ཟླ་གཅིག་ཡིན་པ་དང་། སྐབས་དེར་ད་དུང་ཏུང་ཅིན་དང་ཐུན་ཙེ་གྲོང་ཁྱེར་ནས་མི་རིགས་གླུ་གར་ཐེངས་དྲུག་ལ་འཁྲབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག