མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ངལ་རྩོལ་པ་མངག་གཏོང་བྱེད་སའི་ཀུང་ཟི་བཙུགས།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ངལ་རྩོལ་པ་མངག་གཏོང་བྱེད་པའི་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ལ་ཡར་སྐུལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོར་ཚོང་གཉེར་གྱི་ནུས་པ་ཡོད་པ་དང་། སྤྱི་ཚོགས་ཚོང་གཉེར་ལ་འདུན་པ་ཡོད་པ་བཅས་ཀྱིས་བཏོན་པའི་ཡར་ཞུའི་རེ་འདུན་ལ་ནན་ཏན་སྒོས་ཞིབ་བཤེར་བྱས་ཏེ། ངལ་རྩོལ་པ་ལས་ཁུངས་སུ་མངག་གཏོང་བྱེད་པར་ཆོག་མཆན་བཀོད་པར་མ་ཟད། གཞན་ཚོང་གཉེར་དོ་དམ་དང་། ལས་གཉེར་རྒྱ་བསྐྱེད་སོགས་ཀྱི་ཕྱོགས་ནས་མཛུབ་སྟོན་དང་རྒྱབ་སྐྱོར་ཆེན་པོ་བྱས།

ཀུང་ཟི་དེ་བཙུགས་རྗེས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངལ་རྩོལ་པའི་དགོས་མཁོ་ཇེ་ཆེར་འགྲོ་བའི་ད་ལྟའི་གནས་ཚུལ་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་དང་ཡོང་འབབ་ཇེ་མང་དུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག