མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོང་བཟོ་འགོད་ལས་གཞི57ལ་ཆོག་མཆན་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-12 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ10བའི་ཚེས11ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་རིག་དངོས་སྲིད་འཛིན་སྡེ་ཁག་གི་རིམ་པ་སོ་སོས་རིག་དངོས་སྲུང་སྐྱོང་བཟོ་འགོད་ལས་གཞི་བྱ་བར་མཐོང་ཆེན་བྱས་ཏེ། རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོང་བཟོ་འགོད་ལས་གཞི་བྱ་བར་འཕེལ་རྒྱས་ཆེན་པོ་བྱུང། ལོ་སྟོད་ལ་མཚོ་སྔོན་གྱིས་རྒྱལ་ཁབ་རིག་དངོས་སྲུང་སྐྱོང་བཟོ་འགོད་ལ་ལས་གཞི59སྙན་ཞུ་ཕུལ་བ་དང་། དེའི་ནང་ལས་གཞི57ལ་ཆོག་མཆན་ཐོབ་ཤིང་། ལོ་ཧྲིལ་བོར་རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི16804དངོས་འབེབས་བྱས་ལ། རིག་དངོས་སྲུང་སྐྱོང་ལས་གཞིའི་ཁ་གྲངས་དང་ཁ་གསབ་མ་དངུལ་དེ་མཚོ་སྔོན་ལོ་རྒྱུས་སྟེང་ཆེས་མཐོ་བསྐྲུན་ཡོད།

ལས་གཞི་འདི་དག་དངོས་འབེབས་གང་ལེགས་བྱེད་ཆེད། ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་རིག་དངོས་དོ་དམ་ཅུའུ་ཡིས་སྔ་རྗེས་སུ《མཚོ་སྔོན་ཞིང་ཆེན་གཙོ་གནད་རིག་དངོས་སྲུང་སྐྱོང་ཆེད་དམིགས་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》དང《མཚོ་སྔོན་ཞིང་ཆེན་རིག་དངོས་སྲུང་སྐྱོང་བཟོ་འགོད་དོ་དམ་བྱེད་ཐབས》བཟོས་པ་དང་། རིག་དངོས་སྲུང་སྐྱོང་བཟོ་འགོད་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་སྦྱོར་བཏང་ནས། ལམ་ལུགས་དང་སྒྲིག་གཞིའི་ཐད་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་བྱ་བ་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན་དུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག