མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཚོགས་པ་བཙུགས་ནས་ཐུའུ་ཁུའུ་མན་སི་ཐན་རིག་གནས་ཉིན་མོའི་བྱ་འགུལ་དུ་ཞུགས་རྒྱུ་རེད།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་གཞུང་ཚབ་ཁང་གིས་གདན་དྲངས་བ་ལྟར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱི་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་དང་། སློབ་གསོ་ཐིན། རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན། མཚོ་ཤར་གྲོང་ཁྱེར་དང་དེ་མིན་ཞོང་ཧྭ་རྫོང་ཚོང་དོན་ཅུའུ་བཅས་དང་། དེ་མིན་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་འཁེལ་འཐག་དང་། གནས་སྐོར། ཆུ་དང་གློག་སོགས་འབྲེལ་ཡོད་ཁེ་ལས་ཀྱི་མི་བསྡོམས་པས་ཉི་ཤུ་ལྷག་ཀྲུང་གོ་རིག་གནས་པུའུ་དང་། ཐུའུ་ཁུའུ་མན་སི་ཐན་རིག་གནས་པུའུ་དང་ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་གྱི་གཞུང་ཚབ་ཁང་གིས་པེ་ཅིན་ནས་མཉམ་འབྲེལ་སྒོས་བསྒྲུབས་པའི“ཐུའུ་ཁུའུ་མན་སི་ཐན་རིག་གནས་ཉིན་མོའི”བསྟུད་འགོད་བྱ་འགུལ་ལ་ཞུགས། མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པ་ནི་གདན་དྲངས་ནས་སོང་བའི་ས་གནས་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་རེད། དེ་ལས་མཚོ་སྔོན་དང་ཐུའུ་ཁུའུ་མན་སི་ཐན་དང་མཉམ་ལས་དང་བརྗེ་རེས་བྱེད་པའི་བྱ་བ་དེ་འཕེལ་རིམ་གསར་བ་ཞིག་ཏུ་བསླེབས་པ་མཚོན་ཐུབ།

རིག་གནས་ཉིན་མོའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཐུའུ་ཁུའུ་མན་སི་ཐན་རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲ་མུའུ་ལཱ་ཏོའོ་ཧྥུའུ་དང་། ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ་ལུའུ་སི་ཅེ་མའོ་ཝ་གཉིས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་ཀྱི་འབྲེལ་ཡོད་གནད་དོན་ཐད་ལ་བརྗེ་རེས་ཟབ་མོ་བྱས། ཐུའུ་ཁུའུ་མན་སི་ཐན་ཕྱོགས་ཀྱིས་བསྟན་དོན། ཐུའུ་ཁུའུ་མན་སི་ཐན་རྒྱལ་ཁབ་དགེ་ཐོན་སློབ་གླིང་གིས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་བཞི་ཐུའུ་ཁུའུ་མན་སི་ཐན་ལ་སློབ་སྦྱོང་བྱེད་དུ་ཡོང་བར་དང་ལེན་བྱས་པ་མ་ཟད། སློབ་ཡོན་དང་འཚོ་བའི་འགྲོ་སོང་ཚང་མ་ཐུའུ་ཁུའུ་སི་ཐན་རྒྱལ་ཁབ་དགེ་ཐོན་སློབ་གྲྭས་གཏོང་རྒྱུ་ཡིན་ཟེར། མཚོ་སྔོན་གྱི་ཕྱི་འགྲིམ་སློབ་མ་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཐུའུ་ཁུའུ་མན་སི་ཐན་རྒྱལ་ཁབ་ལ་འགྲོ་རྒྱུ་རེད།

ན་ནིང་གི་ཟླ་བཅུ་གཅིག་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ནན་ཏན་སྒོས་ཀྲུང་དབྱང་གི་དར་གོས་འཚོང་ལམ་དཔལ་འབྱོར་ས་ཁུལ་གྱི་འཐབ་ཇུས་བསམ་ཕྱོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱས་ནས། སྲིད་ཇུས་བྱེད་ཐབས་ཞིབ་འཇུག་དང་གཏན་ལ་ཕབ་ཞིང་། ཤུགས་ཆེན་པོས་མཉམ་ལས་ཀྱི་སྒྲོམ་གཞི་བཙུགས་པ་དང་། དཔལ་འབྱོར་ཉོ་ཚོང་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱས་ནས། ཨེ་ཤ་ཡ་དབུས་མ་དང་། ཨེ་ཤ་ཡ་ལྷོ་མའི་འབྲེལ་ཡོད་རྒྱལ་ཁབ་ལ་དཔལ་འབྱོར་ཉོ་ཚོང་གི་རྟོག་ཞིབ་ཏུ་ཞུགས་པ་མ་ཟད། མི་རིགས་དང་རིག་གནས་ཀྱི་ཁྱད་སྟོབས་འདོན་སྤེལ་བཟང་བོ་བྱས་ནས། དམངས་ཁྲོད་བརྗེ་རེས་བྱེད་པ་དེ་རྨང་གཞི་བྱས་ནས་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་པའི་ཞོར་དུ། ཐུའུ་ཁུའུ་མན་སི་ཐན་འབྲེལ་ཡོད་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་གྱི་གཞུང་ཚབ་ཆེན་མོ་དང་མཉམ་དུ་སྔ་གཞུག་ཏུ་མུའུ་སི་ལིན་ཟས་རིགས་འགྲེམ་སྟོན་དང་། བོད་ཀྱི་ས་གདན་འགྲེམ་སྟོན།སྒོར་ཅོག་གྲོས་ཚོགས་སོགས་བྱ་འགུལ་ཆེན་པོ་རབ་དང་རིམ་པ་བསྡུས་ནས། མཉམ་དུ་ཁྱབ་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནད་དོན་ཐད་ལ་ཐུན་མོང་གི་ལྟ་བ་རྒྱ་ཆེན་པོ་བྱུང་ཞིང་། མཚོ་སྔོན་དང་ཐུའུ་ཁུའུ་མན་སི་ཐན་བར་རྒྱུན་ལྡན་རང་བཞིན་གྱི་འབྲེལ་གཏུག་བརྗེ་རེས་ནང་རྐྱེན་བཙུགས། བརྗེ་རེས་དང་འབྲེལ་མཐུད་དམ་པོ་བྱས་རྗེས། མཚོ་སྔོན་གྱིས་ཐུའུ་ཁུའུ་མན་སི་ཐན་དང་བཅས་པའི་དར་གོས་ཚོང་ལམ་འགྲམ་རྒྱུད་ཀྱི་འབྲེལ་ཡོད་རྒྱལ་ཁབ་བར་དཔལ་འབྱོར་མཉམ་ལས་དང་། དངུལ་གཏོང་འཛུགས་སྐྲུན། མི་གཞུང་བརྗེ་རེས། གནས་སྐོར་མཉམ་ལས། མཉམ་ལས་ནང་རྐྱེན་སོགས་ཐད་ལ་ཐུན་མོང་གི་ལྟ་བ་ཆེན་པོ་བྱུང་ནས་ཕྱོགས་ཡོངས་ནས་མཉམ་ལས་བརྗེ་རེས་བྱེད་པའི་རྣམ་པ་གསར་བ་བྱུང་། ཀྲུང་གོར་སྡོད་པའི་ཐུའུ་ཁུའུ་མན་སི་ཐན་གྱི་གཞུང་ཚབ་ཁང་གིས་མཚོ་སྔོན་ཞིང་ཆེན་དང་ཁྱབ་ཁོངས་སོ་སོ་དང་བརྗེ་རེས་མཉམ་ལས་བྱས་ཏེ། ས་གདན་དང་། བལ་འཐག་སོགས་ཁྱབ་ཁོངས་ཐད་ནས་མཉམ་ལས་བྱེད་པར་མཐོང་ཆེན་ཚད་མཐོན་པོ་བྱས།

གོ་རིམ་རྗེས་མར་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་དང་མཉམ་དུ།ཕྱོགས་གཉིས་ཀྱི“ཐུའུ་ཁུའུ་མན་སི་ཐན་རིག་གནས་ཉིན་མོའི”སྐབས་སུ་བཀོད་པའི་ཐུན་མོང་གི་ལྟ་བ་ལྟར། ཐུའུ་ཁུའུ་མན་སི་ཐན་ནས་ཚོང་རྫས་འགྲེམ་སྟོན་དང་དེ་མིན་འབྲེལ་ཡོད་རིག་གནས་ཉིན་མོའི་བྱ་འགུལ་གྱི་འབྲེལ་ཡོད་བྱ་བ་དམ་འཛིན་བྱས་ནས། ལས་གཞི་སྣ་ཚོགས་དངོས་འབེབས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག