མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-11 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བ་ཟླ་བཅུ་བའི་ཚེས་དགུ་ཉིན་ནས་ཚེས་བཅུ་བར་ཟི་ལིང་ནས་ཚོགས།

ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་གྱིས་མགོ་རྩོམ་ཚོགས་ཆེན་ལ་མགོ་འཛིན་བྱས། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་པའོ་དབྱི་ཀྲི རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཅི་རིན་ཧྥུན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལྔ་བཅུ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན་བཅས་གདན་ཞུ་ལྟར་གྲོས་ཚོགས་ལ་ཞུགས།

ཚོགས་འདུའི་སྟེང་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་ཕྱིར་བསྒྲགས་གཏིང་ཟབ་བྱས་ཏེ། ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བྱེད་པར་དམིགས་ནས་ཆེད་དོན་གྲོས་མོལ་བྱས། ཏུང་ཁེ་ཅོན་གྱིས་འབྲེལ་ཡོད་གནས་ཚུལ་གྱི་བརྡ་ཁྱབ་སྤེལ་བ་དང་། ཅིས་རིན་ཧྥུན་གྱིས་ཆེད་དོན་རྟོག་ཞིབ་ཀྱི་སྙན་ཞུ་ཕུལ། བློ་མཐུན་བདུན་གྱིས་སོ་སོར་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་། ཨུ་ཡོན། ཁུལ་དང་གྲོང་ཁྱེར་གྱི་སྲིད་གྲོས། ཞིང་ཆེན་འབྲེལ་ཡོད་སྡེ་ཁག གཞི་རིམ་ཁྲིམས་ཁང་། ཁྲིམས་རྩོད་པའི་མཐུན་ཚོགས་དང་རྟོག་ཞིབ་ལ་ཞུགས་པའི་ཆེད་མཁས་པའི་ཚབ་བྱས་ཏེ། ཁྲིམས་འཛིན་ཕྱིར་བསྒྲགས་སྔར་ལས་གཏིང་ཟབ་དང་ཁྲིམས་འཛིན་དྲང་གཞག་ལ་སྔར་ལས་སྐུལ་འདེད་བྱེད་པའི་ཐད་ནས་གཏམ་བཤད་སྤེལ། ཚོགས་ཞུགས་བློ་མཐུན་ཚོས་ཚོགས་འདུའི་བརྗོད་བྱར་དམིགས་ནས་ཚན་ཆུང་བགོས་ཏེ་གྲོས་བསྡུར་དང་གྲོས་ཞིབ་ནན་མོ་བྱས་པ་མ་ཟད། བསམ་འཆར་དང་གྲོས་གཞི་རབ་དང་རིམ་པ་བཏོན།

ཁྲིམས་འཛིན་ཕྱིར་བསྒྲགས་གཏིང་ཟབ་བྱེད་རྒྱུ་ནི་ཀྲུང་དབྱང་གི་སྐོར་ཐེངས་གསར་བའི་ཁྲིམས་འཛིན་བཅོས་བསྒྱུར་གྱི་ནང་དོན་གཙོ་བོ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་བཅོས་བསྒྱུར་གྱི་ཚོད་ལྟའི་ཞིང་ཆེན་ཡིན་པའི་ཆ་ནས། ཕྱིར་བསྒྲགས་ཀྱིས་དྲང་གཞག་ལ་སྐུལ་འདེད་དང་། དྲང་གཞག་ལ་བརྟེན་ནས་ཐུན་མོང་གི་ཡིད་ཆེས་འཛུགས་པ་དང་། ཐུན་མོང་གི་ཡིད་ཆེས་ལ་བརྟེན་ནས་དབང་སྲིད་འཛུགས་པ་བཅས་བྱེད་རྒྱུ་ནི་ཁྲིམས་འཛིན་བཅོས་བསྒྱུར་གྱི་ནང་དོན་གཙོ་བོ་རེད། ལོ་སྟོད་ལ། ཞིང་ཆེན་སྲིད་གཞུང་གིས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་འཛིན་ཕྱིར་བསྒྲགས་གཏིང་ཟབ་བྱས་ཏེ་ཁྲིམས་འཛིན་དྲང་གཞག་ལ་སྐུལ་འདེད་བྱེད་པར་དམིགས་ནས་རྟོག་ཞིབ་དང་ཆེད་དོན་གྲོས་མོལ་བྱེད་རྒྱུའི་ཐག་བཅད་པ་དང་། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ་གཉིས་ཀྱིས་སོ་སོར་རྟོག་ཞིབ་ཚན་ཆུང་ཁྲིད་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་ཁང་དུ་ཡུལ་དངོས་རྟོག་ཞིབ་དང་། བཞུགས་མོལ་ཚོགས་འདུ་བསྡུས་བ་དང་། ཁྲིམས་སའི་ཕྱིར་བསྒྲགས་འདྲི་གཅོད་ཟུར་ཉན་བྱེད་པ། ཁྲིམས་དཔོན་དང་ཞུ་སྦྱོར་བྱེད་མཁན་ལ་ཆེད་དུ་འཚམས་འདྲི་བྱེད་པ་བཅས་བྱས་པ་མ་ཟད། ད་དུང་དངོས་སུ་ཁྲིམས་འཛིན་ལྟ་སྐུལ་དང་འཕྲིན་བཅར་སོགས་སྡེ་ཁག་ཏུ་སོང་ནས་བསམ་འཆར་བསྡུ་ལེན་བྱས། རྟོག་ཞིབ་ཀྱི་ཁ་གཏད་རང་བཞིན་དང་ཚན་རིག་རང་བཞིན་ལ་འགན་སྲུང་བྱེད་ཆེད། ལས་གཉེར་ཁྲིམས་རྩོད་པ་དང་། ཁྲིམས་རིག་པའི་ཆེད་མཁས་པ། སྲིད་ཁྲིམས་མ་ལག་གི་སྲིད་གྲོས་ཨུ་ཡོན་བཅས་རྟོག་ཞིབ་ཚན་ཆུང་ནང་ཞུགས་སུ་བཅུག་པ་མ་ཟད། མང་ཚོགས་ལ་ཡིག་ཐོག་ནས་བརྟག་དཔྱད་བྱེད་པའི་ཞོར་དུ། ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པ་བརྒྱ་ཆའི་རེ་དྲུག་གི་ཁྲོད་ནས་ཚད་ལེན་གདེང་འཇོག་སྤེལ།

ཚོགས་ཐོག་ནས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་རྒྱུན་ལས་གྲོས་ཚོགས་ཐེངས་དགུ་བའི་ཚུན་གྱི་བྱ་བ་གཙོ་བོའི་བརྡ་ཁྱབ་སྤེལ་བ་དང་། ཚོགས་འདུ་མཇུག་བསྒྲིལ་སྐབས། རིན་ཆེན་རྒྱལ་གྱིས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་ཡི་ལམ་བུ་གཙོ་བོའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་པའི་ཐད་ནས་གཏམ་བཤད་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག