མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་སྨན་བཅོས་ལམ་ལུགས་བཅོས་བསྒྱུར་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཤིང་ལོ་རེར་ཆ་སྙོམས་ཀྱིས་སྨན་བཅོས་བཅོས་བསྒྱུར་མ་དངུལ་སྒོར་དུང་ཕྱུར43བཏང་ཡོད་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-11 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་བཅོས་བསྒྱུར་བྱ་བར“ནོར་སྲིད་ཆུང་བར་དམངས་འཚོ་དོན་ཆེན་སྒྲུབ་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འགྲོ་གྲོན་དེ་ནོར་སྲིད་འགྲོ་གྲོན་གྱི7ཡན་ཟིན་པ་དང་། ལོ་རེར་ཆ་སྙོམས་ཀྱིས་སྨན་བཅོས་བཅོས་བསྒྱུར་མ་དངུལ་སྒོར་དུང་ཕྱུར43ལ་སླེབས་ཤིང་། སྨན་བཅོས་བཅོས་བསྒྱུར་ལམ་ལུགས་ཀྱི་བྱ་བ་སྣ་བརྒྱད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱི་ཤང་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུ་ཆུ་ཚད་སྒོར510དང་དེའི་ནང་སྲིད་གཞུང་གིས་སྒོར460ཁ་གསབ་བྱེད་པ་དང་མི་སྒེར་གྱིས་སྒོར50སྤྲོད་བཞིན་ཡོད་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་སྒོར140ཡིས་མཐོ་བ་རེད། ཤང་གྲོང་སྡོད་དམངས་ཀྱི་ནད་རིགས་ལྗིད་མོའི་ཉེན་བཅོལ་འགན་སྲུང་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཤིང་། ནད་རིགས་ལྗིད་མོ་ཕོག་པའི་ནད་པར་མིག་སྔའི་སྨན་བཅོས་འགན་སྲུང་སྲིད་ཇུས་ལྟར་འགྲོ་སོང་རྩིས་སྤྲོད་བྱས་རྗེས། མི་སྒེར་གྱིས་སྤྲོད་དགོས་པའི་འགྲོ་སོང་སྒོར5000ལ་སླེབས་ན་ནད་རིགས་ལྗིད་མོའི་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་སུ་བཞག་ཆོག་ཤིང་། དོན་དངོས་ཀྱི་སྨན་རིན་རྩིས་སྤྲོད་བྱེད་པའི་བསྡུར་ཚད་དེ80%ལ་སླེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག