མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་བྱེད་པའི་བྱ་བ་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-11 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་ལ་སྙན་ཞུ་བྱེད་ཆོག་ཆོག་ཡིན་པའི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་བྱེད་པར་ཆོག་མཆན་བཀོད།

འཛམ་གླིང་ཤུལ་བཞག་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་དང་འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱིས་ངོས་ལེན་བྱས་པའི་མིའི་རིགས་ཀྱིས་མཐོང་དཀོན་པ་དང་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རྒྱུ་ནོར་ལ་ཟེར་བ་དང་། ཤུལ་བཞག་ཏུ་སྙན་ཞུ་བྱེད་པའི་དམིགས་ཡུལ་ནི་རང་བྱུང་དང་རིག་གནས་ཐོན་ཁུངས་ལ་སྲུང་སྐྱོང་བྱས་ཏེ། འཐབ་ཇུས་རང་བཞིན་གྱིས་ཐོན་ཁུངས་ཕྱོགས་བསྡུས་བྱེད་སྤྱོད་ལ་སྐུལ་འདེད་གཏོང་བ་དེ་ཡིན། རང་རྒྱལ་ལ་འཛམ་གླིང་རང་བྱུང་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས47ཡོད་པ་དང་། མཚོ་བོད་མཐོ་སྒང་གི་ཁྱད་དུ་འཕགས་པའི་ས་གཤིས་ས་ཁམས་ཁོར་ཡུག་གིས་མཚོ་སྔོན་རྨ་འབྲི་རྫ་གསུམ་དང་ཨ་ཆེན་གངས་རྒྱབ། ཁུ་ནུ་རི་བོ། མདོ་ལ་རི་བོ། ཚྭ་འདམ་གཞོང་ས། མཚོ་སྔོན་པོ་སོགས་ཤུལ་བཞག་ཐོན་ཁུངས་སྐོར་ཞིག་བསྐྲུན་ཡོད་པ་དང་། ཡིན་ཡང་མཚོ་སྔོན་ཞིང་ཆེན་ནི་མིག་སྔར་འཛམ་གླིང་ཤུལ་བཞག་གཅིག་ཀྱང་མེད་པའི་ཞིང་ཆེན་ཞིག་ཡིན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་བྱ་བར་དགོས་ངེས་ཀྱི་དངོས་པོའི་རྨང་གཞིའི་ཆ་རྐྱེན་བསྐྲུན་ཡོད་པ་དང་། ཤུལ་བཞག་སྙན་ཞུ་བྱ་བར་ཞིང་ཆེན་ཕྱི་ནང་གི་སྤྱི་ཚོགས་ལས་རིགས་སོ་སོས་ཐུགས་ཁུར་དང་དོ་སྣང་ཐོབ་ཡོད། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་ཡིས་མཚོ་སྔོན་ཞིང་ཆེན་དུ་མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་ཞིང་ལྗོངས་གསུམ་གྱི་འཛམ་གླིང་ཤུལ་བཞག་ཐོན་ཁུངས་བརྟག་བཤེར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་སྐབས། ཨ་ཆེན་གངས་རྒྱབ་དང་ཁུ་ནུ་རི་བོ། རྨ་འབྲི་རྫ་གསུམ་འབྱུང་ཡུལ། ཚྭ་འདམ་གཞོང་ས་དང་མཚོ་སྔོན་པོ་བཅས་མཚོ་སྔོན་གྱི་འཛམ་གླིང་ཤུལ་བཞག་འདེམས་སྒྲུག་མིང་ཐོར་གཏན་འཁེལ་བྱས། ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐོན་ཁུངས་རྩ་ཆེ་ལ་མཐོང་དཀོན་པ། དཔེར་མཚོན་ལྡན་ཞིང་། འཛམ་གླིང་རིན་ཐང་དང་རྒྱལ་སྤྱིའི་མཚན་སྙན་བཅས་ཤིན་ཏུ་མཐོ་ལ། སྲུང་སྐྱོང་ཆ་ཚང་བས། འཛམ་གླིང་རང་བྱུང་ཤུལ་བཞག་ལ་སྙན་ཞུ་བྱེད་པའི་ཆ་རྐྱེན་ཚང་ཡོད། སྡོད་ཁང་འཛུགས་སྐྲུན་པུའུ་ཡི་ཐུགས་ཁུར་དང་བསམ་འཆར་འོག ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་ལ་སྙན་ཞུ་བྱེད་ཆོག་ཆོག་ཡིན་པའི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་སྙན་ཞུ་བྱེད་པར་ཆོག་མཆན་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག