མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་སྟོན་གུང་གསེང་སྐབས་སུ་མཚོ་སྔོན་གྱི་གནས་སྐོར་ཚོང་ར་མུ་མཐུད་དུ་ཇེ་ལེགས་སུ་སོང་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-06 11:10

ཟླ10བའི་ཚེས2ཉིན། གནས་སྐོར་པ་འགས་མཚོ་སྔོན་པོའི་འགྲམ་ངོགས་སུ་རྩེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་གུང་གསེང་འགོ་བརྩམས་པའི་ཚུན། མཚོ་སྔོན་གྱི་གནས་སྐོར་ཚོང་རས་རྫོགས་ལྡན་དུས་སྐབས་ཤིག་བསུས་ཤིང་། མཚོ་སྔོན་པོ་དང་སྐུ་འབུམ་སོགས་མཛེས་ལྗོངས་ཁུལ་གྱི་གནས་སྐོར་པ་མངོན་གསལ་གྱིས་ཇེ་མང་ལ་སོང་བ་དང་། རང་གི་རླངས་འཁོར་བསྐོར་ནས་ལྟ་སྐོར་དང་རྐང་ཐང་ལ་འགྲོ་བ། ལྕགས་རྟར་ཞོན་ནས་གནས་སྐོར་བྱེད་པའི་གནས་སྐོར་པ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་ཡོད། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡི་ཆེས་གསར་བའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས་ཟླ8པའི་བར་དུ། མཚོ་སྔོན་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པ་མི་ཐེངས་ཁྲི1602.96སྣེ་ལེན་བྱས་ཤིང་། དུས་མཉམ་ལས12.9འཕར་ལ། རྒྱལ་སྟོན་གུང་གསེང་སྐབས་སུ་མཚོ་སྔོན་གྱི་གནས་སྐོར་ཚོང་ར་མུ་མཐུད་དུ་ཇེ་ལེགས་སུ་སོང་ཡོད།  ། 

ཟླ10བའི་ཚེས2ཉིན། གནས་སྐོར་པ་སྐོར་ཞིག་གིས་ཚྭ་ཁ་མཚེའུ་འགྲམ་ནས་ལྟ་སྐོར་བྱེད་བཞིན་པ།

ཟླ10བའི་ཚེས2ཉིན། མཚོ་སྔོན་པོར་བསྐོར་བའི་གནས་སྐོར་བས་མཚེའུ་འགྲམ་ནས་ངལ་གསོ་བཞིན་པ།

ཟླ10བའི་ཚེས2ཉིན། གནས་སྐོར་པས་མཚོ་སྔོན་པོ་འགྲམ་ངོགས་སུ་པར་ལེན་བཞིན་པ།

ཟླ10བའི་ཚེས3ཉིན། གནས་སྐོར་པས་སྐུ་འབུམ་དགོན་པ་ནས་པར་ལེན་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག