མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞའོ་ཡིས་དུས་ཆེན་སྔོན་གྱི་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་མཛུབ་སྟོན་དང་འཐེན་ཞིབ་བྱས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཡིས་ཟླ་སྒོར་དུས་ཆེན་སྔོན་དུ་ཟས་རིགས་སྨན་རྫས་བདེ་འཇགས་བྱ་བར་ཡུལ་དངོས་རྟོག་ཞིབ་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་ཟི་ལིང་གྲོང་ཁྱེར་ཝང་ཧྥི་ཅིན་སྣ་འཛོམས་ཚོང་ཁང་དང་། ཏ་པའེ་སྣ་འཛོམས་ཚོང་ཁང་། ཧོས་ཁི་ཅཱ་སྟབས་བདེ་ཚོང་ཁང་ལྷོ་རི་ལམ་ཚོང་ཁང་སོགས་སུ་ལྐོག་ཞིབ་དང་འཐེན་ཞིབ་བྱེད་པར་སོང་ནས། ཞིང་ལས་ཐོན་རྫས་དང་ཆང་། སྐོམ་ཆུ། སྟབས་བདེ་ཟས་རིགས། མཚོ་ཐོན་ཟས་རིགས་སོགས་ཀྱི་གསོག་འཇོག་དུས་ཚོད་དང་རྒྱུ་སྤུས་ཚད་དང་མཐུན་མིན། རྒྱུ་སྤུས་ཀྱི་བདེན་དཔང་མཚོན་རྟགས་ཡོད་མིན། ཐོན་སྐྱེད་ཉིན་ཚད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཞིབ་མོ་བྱས།

ཝང་ཞའོ་ཡིས། ཁེ་ལས་ཀྱི་འགན་གཙོ་བོ་ཁུར་བའི་འགན་འཁྲི་ལམ་ལུགས་དང་སྲིད་གཞུང་གིས་ཁོངས་གཏོགས་ས་ཆར་དོ་དམ་བྱེད་པའི་འགན་འཁྲི། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་འཛིན་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཉེན་ཁར་བརྟག་བཤེར་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ། སྒྲིག་ཁྲིམས་བརྩི་སྲུང་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་པ། སྤྱི་ཚོགས་ཡོངས་ཀྱི་མཉམ་དུ་བཅོས་སྐྱོང་བྱེད་པའི་རྣམ་པ་ཆགས་པར་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཟས་རིགས་སྨན་རྫས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་བའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག