མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་མེ་ཏོག་འབུལ་བའི་མཛད་སྒོ་སྤེལ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-02 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་གསར་བརྗེ་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་ཡིན། ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཧའོ་ཕིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཅན་ཅོན་སོགས་ཏང་སྲིད་དམག་གསུམ་གྱི་མགོ་ཁྲིད་པ་རྣམས་ཟི་ལིང་གསར་བརྗེ་སྔོན་གཤེགས་དཔལ་བོའི་བང་སོ་ར་བར་སོང་ནས། ལས་རིགས་ཁག་གི་འཐུས་ཚབ་དང་ལྷན་དུ། གསར་བརྗེ་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་ནས་དྲན་གསོ་ཞུས།

སྔ་དྲོའི་དུས་ཚོད་དགུའི་སྟེང་དུ། མི་དམངས་གསར་བརྗེ་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་འབུལ་བའི་མཛད་སྒོ་མགོ་བརྩམས། རྔམ་ཟིལ་ལྡན་པའི་གཟབ་སྦྲེང་རུ་ཁག་གིས་རྒྱལ་གླུ་བླངས་ཚར་མ་ཐག མི་དམངས་གསར་བརྗེ་སྔོན་གཤེགས་དཔལ་བོར་དྲན་གསོ་ཞུ་མཁན་རྣམས་ཀྱིས་ཁ་རོག་གེར་མྱ་ངན་ཞུས། ན་ཆུང་གདོང་ལེན་རུ་ཁག་གིས«ང་ཚོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱུན་འཛིན་པ་ཡིན»ཞེས་པའི་གླུ་དབྱངས་སྐད་གསེང་མཐོན་པའི་བླངས། བརྩེ་དུང་གིས་ཕྱུག་པའི«མེ་ཏོག་ཕྲེང་རྒྱན་འབུལ་བའི་རོལ་དབྱངས»ཀྱི་འགྲོས་དང་བསྟུན་ནས། དམག་མི་བཅོ་བརྒྱད་ཀྱིས་མཉམ་དུ་མེ་ཏོག་གི་ཕྲེང་བ་དགུ་གོ་རིམ་ལྡན་པའི་ངང་མི་དམངས་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་མདུན་དུ་འཁྱེར་ནས། མེ་ཏོག་གི་ཕྲེང་རྒྱན་རྣམས་མི་དམངས་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་གི་མདུན་དུ་རིམ་པར་གྲལ་དག་པའི་ངང་བཤམས།

ལོ་ཧོས་ཉིན་གཟབ་ནན་གྱི་ཉམས་དང་བཅས་ཏེ་མདུན་དུ་སོང་ནས། མེ་ཏོག་ཕྲེང་རྒྱན་རེ་རེའི་སྟེང་གི་གོས་ཡུག་བཅིངས་ཐག་ལེགས་སྒྲིག་བྱས། དེ་དང་བསྟུན་ནས། ལོ་ཧོས་ཉིན་དང་ཧའོ་ཕིན། རིན་ཆེན་རྒྱལ། ཝང་ཅན་ཅོན། ལོ་ཡུས་ལིན། ཅི་ཏིས་མཱ་ཅ། རྡོ་རྗེ་རབ་བརྟན། ཝང་ལིན་ཅོན། ཝང་ཞོའ་ཆིན། ཀྲང་ཀོང་རུང་། མཱ་ཧྲོན་ཆིན། ཝང་ཞའོ། སུའུ་ཉིན། ལིས་ཉིན། མུའུ་ཏུང་ཧྲིན། དབང་མོ། ཚའོ་ཝིན་ཧུའུ། མཱ་ཝེ། ཚའོ་ཧུང་། ཡན་ཅིན་ཧེ། ཁྲིན་ལུས་ཧྭ། ཁུང་ཡོང་། ཁྲིན་ཙི་ཆོན། པའོ་ཡུས་ཀྲི རིན་ཆེན་རྣམ་རྒྱལ། ལུས་ཞོན་ཧྲིན། ཅིས་རིན་ཧྥུན། ངག་དབང་བསོད་ནམས་སོགས་མགོ་ཁྲིད་རྣམས་མི་དམངས་གསར་བརྗེ་སྔོན་གཤེགས་དཔའ་བོའི་དྲན་གསོ་རྡོ་རིང་མདུན་དུ་རིམ་པ་བཞིན་དུ་སོང་ནས། གསར་བརྗེ་སྔོན་གཤེགས་དཔའ་བོ་རྣམས་ལ་གུས་འདུད་ཞུས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་པར་ཚེ་སྲོག་བློས་བཏང་བའི་དཔའ་བོའི་མཛད་རྣམ་ལ་སེམས་གཏིང་ནས་དྲན་གསོ་ཞུས། ཐེངས་འདིའི་མཛད་སྒོའི་སྟེང་ཁྱོན་བསྡོམས་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་ལྔ་བརྒྱ་ལྷག་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག