མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ལས་གཞི་བཞི2014ལོའི་རྒྱལ་ཡོངས་ལེགས་འདེམས་གནས་སྐོར་ལས་གཞིའི་མིང་ཐོའི་ནང་ཚུད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-02 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་གནས་སྐོར་ཅུའུ་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་མཉམ་དུ་ཆེད་མཁས་པ་རྩ་འཛུགས་དང་དཔྱད་འདེམས་གཏན་འཁེལ་བྱས་པའི《2014ལོའི་རྒྱལ་ཡོངས་ལེགས་འདེམས་གནས་སྐོར་ལས་གཞིའི་མིང་ཐོ》ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཁྲི་ཀ་སྐྱེ་ཁམས་སྤྲོ་འཆམ་གནས་སྐོར་གུང་གསེང་ཁུལ་འཛུགས་སྐྲུན་ལས་གཞི་དང་གཉན་པོ་གཡུ་རྩེའི་བོད་ཁྱིམ་ཡུལ་སྲོལ་ཐོན་ལས་གླིང་། ཧུའུ་ཀྲུའུ་རྫོང་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ལང་ཧྲི་སྟེང་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལས་གཞི། ལ་ཅ་གནའ་རྫས་རྟོག་ཞིབ་ཤུལ་བཞག་སྤྱི་གླིང་འཛུགས་སྐྲུན་ལས་གཞི་བཅས་དེའི་ནང་དུ་ཚུད་ཡོད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྒྱལ་ཡོངས་ལེགས་འདེམས་གནས་སྐོར་ལས་གཞིའི་མིང་ཐོ་ནང་ཚུད་པའི་ལས་གཞི་བསྡོམས་པས135ཡོད་པ་དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡན་ལག་དངུལ་ཁང་སོ་སོས་ལེགས་འདེམས་ལས་གཞི་དེ་དག་དངུལ་ཁང་གི་ལས་གཞི་གསོག་ཉར་མཛོད་དུ་བཅུག་ནས་ཧུར་བརྩོན་གྱིས་ལས་གཞི་དཔྱད་ཞིབ་བྱ་བ་སྤེལ་ཏེ། ལེགས་འདེམས་ལས་གཞི་ལ་བདེ་བླག་ངང་སྐུལ་འདེད་གཏོང་བ་དང་སྲིད་ཇུས་ཀྱིས་ཁྱབ་ཁོངས་སུ་གཟིགས་སྐྱོང་རོགས་སྐྱོར་བྱེད་རྒྱུ་རེད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག