མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀུའུ་ཨར་པང་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-02 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས30ཉིན་གྱི་ཕྱི་དྲོར། མུའུ་སི་ལན་གྱི་སྲོལ་རྒྱུན་དུས་ཆེན་ཀུའུ་ཨར་པང་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྣམ་རྒྱལ་མགྲོན་ཁང་དུ་ཀུའུ་ཨར་པང་དུས་ཆེན་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་དབང་མོ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མ་ཁྲང་ཆིན། བློ་མཐུན་རྒན་པ་ལ་པིན་ལིས་དང་མ་ཧྥུ་ཧའེ། ཧན་ཡུས་ཀུའེ། མུའུ་སི་ལན་ལས་རིགས་ཁག་གི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ཐུན་མོང་ངང་མི་རིགས་མཐུན་སྒྲིལ་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་དར་རྒྱས་བཅས་ལ་གླེང་མོལ་བྱས།

ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཀོན་མཆོག་གིས་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ། ཇ་སྟོན་ཚོགས་འདུར་ཞུགས་པའི་མུའུ་སི་ལན་གྱི་འཐུས་མི་ལ་ལྷག་བསམ་རྣམ་དག་གིས་འཚམ་འདྲི་དང་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་དང་མཐུན་སྒྲིལ་བརྟན་བརླིང་། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཐད་ལ་དཀའ་སྤྱད་འབད་བརྩོན་དང་བྱས་རྗེས་བཞག་པའི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མུའུ་སི་ལན་སྤུན་ཟླར་བཀའ་དྲིན་དང་གུས་འདུད་ཞུས། དཀོན་མཆོག་གིས་བཤད་རྒྱུར། མིག་སྔར་མཚོ་སྔོན་ཞིང་ཆེན་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་ཤིག་ལ་སླེབས་ཡོད་པས། རྒྱ་ཆེའི་མུའུ་སི་ལན་སྤུན་ཟླས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་དང་ཡར་རྒྱས་བརྩོན་ལེན་བྱེད་པའི་སྲོལ་རྒྱུན་ལེགས་པོ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་བློ་མཐུན་ཞི་ཅིན་ཕིན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་རུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་དང་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཧུར་བརྩོན་གྱིས་ཁུལ་གསུམ་འཛུགས་སྐྲུན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ཆེད་དུ་ཧུར་བརྩོན་བྱེད་དགོས།

ཇ་སྟོན་ཚོགས་འདུའི་སྟེང་། ཟི་ལིང་གྲོང་ཁྱེར་གླུ་གར་ཚོགས་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཏེ། ཇ་སྟོན་ཚོགས་འདུ་ལ་དགའ་སྐྱིད་ཀྱི་ཁ་དབུགས་གསར་བ་ཞིག་བསྣན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག