མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ས་ཁུལ་སོ་སོས་ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར65ལོན་པར་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-10-02 10:27

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས1ཉིན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར65ལོན་པའི་དགའ་སྟོན་གྱི་ཉིན་མོ་ཡིན། ཉིན་དེར་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པར་ཁེངས་ཡོད། སྐར་ལྔའི་དར་དམར་རླུང་བུས་དལ་གྱིས་བསྐྱོད་ཅེས་པའི་གླུ་དབྱངས་དེ་མཚོ་སྔོན་མཐོ་སྒང་གི་གྲུ་ཟུར་གང་ཡིན་སར་ཁྱབ་ཡོད།

སྟོན་དུས་ཀྱི་ཉི་ཟེར་དེ་ཤར་རིའི་རྩེ་ནས་དལ་གྱིས་འཕགས་དུས། གནའ་མཁར་ཟི་ལིང་གིས་རྒྱལ་དར་བསྒྲེངས་བའི་གཟི་བརྗིད་ཀྱི་དུས་སྐབས་བསུས་ཤིང་། ལྟེ་གནས་ཐང་ཆེན་དུ་མི་ཚོགས་ཀྱི་འདུ་འཛི་རྒོད། འོད་མདངས་བཀྲ་བའི་སྐར་ལྔའི་དར་དམར་དེ་རྔམ་བརྗིད་ཀྱི་རྒྱལ་གླུ་དང་བསྡོངས་ནས་དལ་གྱིས་བསྒྲེངས་དུས། ཐང་ཆེན་དུ་ཡོད་པའི་མི1700ལྷག་གི་མཉམ་དུ་རྒྱལ་གླུ་བླངས་ནས་མ་ཡུམ་མེས་རྒྱལ་གྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས།

དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་སོ་སོའི་ཐང་ཆེན་སྟེང་རྒྱལ་དར་བསྒྲེངས་བའི་མཛད་སྒོ་སྤེལ་བ་དང་། རླུང་བུས་དལ་གྱིས་བསྐྱོད་པའི་སྐར་ལྔའི་དར་དམར་གྱི་འོག རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་མཉམ་དུ་རྒྱལ་གླུ་བླངས་ནས་མེས་རྒྱལ་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་ཞུས།

ཟླ10བའི་ཚེས1ཉིན་ནི་མ་ཡུམ་མེས་རྒྱལ་གྱི་སྐྱེས་སྐར་ཡིན་ལ། རྒྱལ་དམངས་ཕལ་བ་སོ་སོའི་དུས་ཆེན་ཀྱང་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་སོ་སོའི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་སྤྱད་དེ་རྒྱལ་སྟོན་གྱི་གུང་གསེང་ལ་རོལ་བཞིན་ཡོད། གནའ་མཁར་ཟི་ལིང་གི་སྲང་ལམ་དུ་གང་སར་སྐར་ལྔའི་དར་དམར་བཀལ་ཡོད་པ་དང་། ལྟེ་གནས་ཐང་ཆེན་དང་ཞིན་ཉིན་ཐང་ཆེན། ཐ་ན་གཞིས་ཁུལ་གྱི་ཐང་ཆེན་སོགས་སུ་མི་རྣམས་གཅིག་ཏུ་འདུས་ནས་གླུ་གར་འཁྲབ་སྟོན་བྱེད་པ་དང་། རྣམ་པ་མི་འདྲ་བའི་སྒོ་ནས་མེས་རྒྱལ་ལ་རྟེན་འབྲེལ་དང་བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བྱེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག