མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་ཚོགས་ཆེན་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་ཚོགས་ཆེན་བསྡུས། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཞིག་ཧྥུའུ་ཅིན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་། ཞིངཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་པའོ་ཡུས་ཀྲི། མཱ་ཀྲི་ཝེ་བཅས་དང་། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་དུ་གཏོགས་པའི་དམངས་གཙོ་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་ཕྱི་སྡོད་རང་མི་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་རྒན་པ་དང་འགན་ཁུར་བ་གཙོ་བོ་བཅས་ཚོགས་ཆེན་ལ་ཞུགས།

ཞིག་ཧྥུའུ་ཅིན་གྱིས་རྗེས་དྲན་ཚོགས་ཆེན་སྟེང་གཏམ་བཤད། ཅི་ཏིས་མཱ་ཅས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨའི་ཚབ་བྱས་ནས་ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་བློ་གཅིག་སེམས་གཅིག་དང་སྐྱིད་སྡུག་མཉམ་མྱོང་། བྱ་བ་མཉམ་བསྒྲུབས་བཅས་བྱས་ཏེ་མཚོ་སྔོན་བཅོས་སྒྱུར་དང་འཛུགས་སྐྲུན་། འཕེལ་རྒྱས་བཅས་ཀྱི་དུས་སྐབས་རེ་རེར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཟེར། ཀྲུང་གོ་གོ་མེན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཚན་རིག་འཕེལ་རྒྱས་ལྟ་བར་ཡར་སྐུལ་བྱེད་པ་དེ་སྲིད་ཞུགས་སྲིད་གྲོས་ཀྱི་ལས་འགན་དང་པོར་བཞག་ནས་ཁུལ་གསུམ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག